པད་ནོར་རིན་པོ་ཆེའི་ཆུང་སྲིད་པདྨ་རྡོ་རྗེ་མཆོག་ཁྲི་འདོན་མངའ་གསོལ།

2014-07-31
གློག་འཕྲིན།
མཆན།
Share
པར་བཀོད།
པད་ནོར་རིན་པོ་ཆེའི་ཆུང་སྲིད་པདྨ་རྡོ་རྗེ་མཆོག་ཁྲི་འདོན་མངའ་གསོལ་གནང་བཞིན་པ། ༢༠༡༤།༧།༣༡
པད་ནོར་རིན་པོ་ཆེའི་ཆུང་སྲིད་པདྨ་རྡོ་རྗེ་མཆོག་ཁྲི་འདོན་མངའ་གསོལ་གནང་བཞིན་པ། ༢༠༡༤།༧།༣༡
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

དེ་རིང་ཚེས༣༡ཉིན་ཞིང་གཤེགས་༧གྲུབ་དབང་པད་ནོར་རིན་པོ་ཆེའི་ཆུང་སྲིད་པདྨ་རྡོ་རྗེ་མཆོག་བོད་ནང་གི་དཀར་མཛེས་སྡེ་དགེ་དཔལ་ཡུལ་མ་དགོན་གྱི་གཙོས་རྒྱལ་ཕྱི་ནང་གི་རྙིང་མའི་དགོན་ཚོགས་ཁག་གིས་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཚོཊ་ཡོད་འདུག
ཆུང་སྲིད་པདྨ་རྡོ་རྗེ་མཆོག་ནི། སྤྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༡ ཉིན་ལྷོ་ཁ་ས་ཁུལ་དྭགས་པོ་རྒྱ་ཚ་རྫོང་དུ། ཡབ་ནོར་བུ་དང་ཡུམ་ཕུར་བུ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ༢༠༡༣ ལོར་༧བྱ་བྲལ་རིན་པོ་ཆེ་མཆོག་གིས་སྐྱབས་རྗེ་པད་ནོར་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ། ༢༠༡༣་ལོའི་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་གདན་ས་རྣམ་གྲོལ་གླིང་འདུས་སྤྱིའི་ངོས་ནས་ཡང་སྲིད་ངོས་འཛིན་གྲུབ་པ་དང་། ཁྲི་འདོན་གྱི་མཛད་རིམ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཀརྨ་རྡོ་རྗེ་ཡིས་སྙན་སྒྲོན་གནང་བར་གསན་རོགས།

མཆན། (0)
Share
དྲ་གནས་ཆ་ཚང༌།