བལ་ཡུལ་གློ་ཚེ་རོགས་བོད་མིའི་གཞིས་ཆགས་སུ་ཆར་ཆུས་གནོད་སྐྱོན་ཐེབས་འདུག


2019.03.28
བལ་ཡུལ་སྤོག་ར་ཕྱོགས་ཀྱི་ས་ཁྲ བལ་ཡུལ་སྤོག་ར་ཕྱོགས་ཀྱི་ས་ཁྲ
དྲ་བཤུས། google

བལ་ཡུལ་སྤོག་ར་ཕྱོགས་ཀྱི་གློ་ཚེ་རོགས་བོད་མིའི་གཞིས་ཆགས་སུ་ཆར་ཆུའི་རྐྱེན་པས་ཆུ་བོ་རྒྱས་ནས་ས་གནས་སུ་གནོན་སྐྱོན་ཐེབས་ཡོད་འདུག
དེ་ཡང་བལ་ཡུལ་སྤོག་ར་ཕྱོགས་ཀྱི་གློ་ཚེ་རོགས་བོད་མིའི་གཞིས་ཆགས་སུ་ཕྱི་ཟླ་ ༣ ཚེས་༢༥་ཉིན་དྲག་ཆར་བབས་ནས་སྤྱི་པའི་འཕྲོད་བསྟེན་སྨན་ཁང་དང་། ཁྲུས་ཁང་གསང་སྤྱོད་སོགས་ལ་གནོན་སྐྱོན་ཐེབས་དེ་བེད་སྤྱོད་མེད་པར་གྱུར་ཡོད་འདུག་ཅིང་།  ས་གནས་གཞིས་མགོ་ཀརྨ་བཟོད་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་ཁང་ལ་ གློ་ཚེ་རོགས་གཞིས་ཆགས་ཀྱིས་འདབས་སུ་
སེ་ཊི་གྷན་དྷ་ཀི་(Seti Gandaki) ཞེས་བའི་གཙང་པོ་ཞིག་ཡོད་པ་དེ་རྒྱས་ནས་གཞིས་ཆགས་ཀྱི་སྤྱི་བའི་སྨན་ཁང་དང་ཁྲུས་ཁང་གཙང་སྤྱོད། དུད་ཁྱིམ་སྒེར་གྱི་རྭ་སྐོར་གཅིག་བཅས་རྡིབ་སྐྱོན་བྱུང་ནས་ད་ལྟ་བེད་སྤྱོད་མེད་པར་གྱུར་ཡོད་གསུངས་ཤིང་། ས་གནས་རྫོང་དཔོན་ལས་ཁུངས་བརྒྱུད་བལ་ཡུལ་གཞུང་གི་དམག་མི་ཡོང་ནས་འཕྲལ་སེལ་གྱི་རོགས་རམ་གནང་ནས་ཕན་ཐོགས་ཆེན་པོ་བྱུང་འདུག། ས་གནས་བདེ་དོན་ཀརྨ་བཟོད་པ་ལགས་ཀྱིས་གསུངས་ན། མང་ཚོགས་ཀྱི་སྡོད་ཁང་ལ་སྐྱོན་བྱུང་མེད་ཡིན་འདུག་ཅིང་། གནོན་སྐྱོན་དེར་ཚོད་དཔག་བྱས་བ་ཡིན་ན་བལ་སྒོར་འབུམ་༡༥་ནས་༢༠་བར་གྱི་གྱོང་གུན་བྱུང་བའི་ཚོད་དཔག་གནང་འདུག ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ ས་གནས་གཞིས་ཆགས་ལས་ཁུངས་ཀྱི་ངོས་ནས་དབུས་བོད་མིའི་སྒྲིགས་འཛུགས་ནང་སྲིད་ལས་ཁུངས་ལ་ཆར་ཆུའི་དོ་ཕོག་དང་འབྲེལ་བའི་སྙན་ཞུ་ཞིག་ཕུལ་འཆར་ཡོད་སྐོར་གསུངས་པར་མ་ཟད། བལ་ཡུལ་གཞུང་ལ་ཡང་ཐེངས་འདིའི་ཆར་ཆུའི་གནོན་སྐྱོན་ཅི་ཐེབས་སྐོར་ནས་སྙན་ཞུ་ཕུལ་ཡོད་འདུག
བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྤོག་ར་ཕྱོགས་ཀྱི་གློ་ཚེ་རོགས་བོད་མིའི་གཞིས་ཆགས་སུ་ད་ལྟའི་འཆར་བོད་རིགས་དུད་ཁྱིམ་ལྔ་བཅུ་ཙམ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎