པརཱགྷ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་དགོས་འདུན་ངོས་ལེན་གནང་གི་མེད་པ།


2019.07.03
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་གྲོང་ཁྱེར་གྱི་སྤྱི་ཁྱབ་(Zdenek Hrib)་མཆོག ༢༠༡༩།༣ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་གྲོང་ཁྱེར་གྱི་སྤྱི་ཁྱབ་(Zdenek Hrib)་མཆོག ༢༠༡༩།༣
Zdenek Hrib tweeted

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཱགྷ་(Prague)་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ཐེ་ཝན་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་ཏེ་རྒྱ་ནག་གི་ཁ་གཏད་དུ་ལངས་བཞིན་ཡོད་འདུག
དབྱིན་ཇིའི་(Guardian)་གསར་ལས་ཁང་གི་དྲ་རྒྱའི་ཐོག་ཕྱི་ཟླ་༧པའི་ཚེས་༣ ཉིན་སྤེལ་བའི་གནས་ཚུལ་ནང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཱགྷ་(Prague)་གྲོང་ཁྱེར་གྱི་སྤྱི་ཁྱབ་ཛེ་ཉེཀ་ཧིརིསྦ་(Zdenek Hrib)་མཆོག་གིས་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ཐུགས་འགན་བཞེས་ནས་ཟླ་བ་བདུན་ཙམ་ལས་འགྲོ་གི་མེད་ཅིང་། འོན་ཀྱང་ཁོང་གྲོང་ཁྱེར་སྤྱི་ཁྱབ་པ་གནང་ནས་ཟླ་གཅིག་ཙམ་ལས་མ་སོང་བའི་མཚམས་སུ་རྒྱ་ནག་དང་རྙོག་འཛིང་ཆེ་བའི་གནད་དོན་ལ་ཁ་གཏད་ཀྱི་གདོང་ལེན་གནང་དགོས་བྱུང་ཡོད་པ་རེད། །དཔེར་ན ད་ལོ་ཕྱི་ཟླ་དང་པོའི་ནང་པརཱགྷ་གྲོང་ཁྱེར་ནང་ཕྱི་རྒྱལ་ཡུལ་གྲུའི་ཕྱི་སྲིད་དཔོན་རིགས་ཀྱི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་བའི་སྐབས།   རྒྱ་ནག་གཞུང་གིས་ཅེག་སྤྱི་མཐུན་རྒྱལ་ཁྱབ་དང་དམིགས་བསལ་པརཱགྷ(Prague)་གྲོང་ཁྱེར་དང་པེ་ཅིན་གྲོང་ཁྱེར་དབར་སྤུན་མཆེད་གྲོང་ཁྱེར་ཟེར་བའི་འབྲེལ་བ་བཙུགས་ཡོད་པའི་འོག་རྒྱ་ནག་གིས་གྲོང་ཁྱེར་དེའི་ནང་མ་རྩ་འཛུགས་འཇོག་དང་། དེ་བཞིན་རྐང་རྩེད་སྤོ་ལོའི་ཐང་ཆེན་གསར་རྒྱག། བརྙན་འཕྲིན་ལས་ཁང་གསར་རྒྱག་སོགས་ཀྱི་རོགས་སྐྱོར་ལས་གཞི་སྤེལ་ཞོར་གནོན་ཤུགས་སྤྲད་ནས་པརཱགྷ་(Prague)་གྲོང་ཁྱེར་གྱི་སྤྱི་ཁྱབ་སྔོན་མའི་སྐབས་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ཁས་ལེན་ས་རྟགས་བཀོད་ལུགས་ལུང་འདྲེན་གྱིས་ཕྱི་འབྲེལ་དཔོན་རིགས་ཀྱི་ལྷན་ཚོགས་དེའི་ཐོག་ཐེ་ཝན་གྱི་དཔོན་རིགས་མཉམ་ཞུགས་བྱེད་མི་ཆོག་པའི་དགོས་འདུན་བཏོན་ཡོད། ཡིན་ནའི་གྲོང་ཁྱེར་སྤྱི་ཁྱབ་ཛེ་ཉེཀ་ཧིརིསྦ་མཆོག་གིས་རྒྱ་ནག་གི་དགོས་འདུན་དེར་ཁས་ལེན་མ་གནང་སྟབས་ཐེ་ཝན་གྱི་ཕྱི་འབྲེལ་དཔོན་རིགས་ལྷན་ཚོགས་དེའི་ཐོག་མཉམ་བཞུགས་བྱེད་ཐུབ་བྱུང་ཡོད། ཡང་དེའི་རྗེས་ཁོང་གིས་པོའོ་ལེནཌ་གྱི་ལྟ་བ་མཁྲེགས་བཟུང་ཅན་གྱི་ཆབ་སྲིད་ཚོགས་པའི་དཔོན་རིགས་ཚོས་ཕྱི་མི་སྐྱབས་བཅོལ་བ་བཀག་འགོག་གི་སྲིད་བྱུས་བཟུང་བ་དང་མི་འདྲ་བའི་ལངས་ཕྱོགས་འཛིན་ནས་ཡུལ་དེའི་ནང་སྐྱབས་བཅོལ་བར་སྲུང་སྐྱོབ་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་། དམིགས་བསལ་རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོར་ཅེཀ་པརཱགྷ་གྲོང་ཁྱེར་གཞུང་དབར་གྲོས་མཐུན་ཞིག་བཞག་ཡོད་པ་དེའི་ནང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་དགོས་ལུགས་འཁོད་ཡོད་པ་དེ་གྲོང་ཁྱེར་སྤྱི་ཁྱབ་པ་ ཛེ་ཉེཀ་ཧིརིསྦ་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་གཅིག་ལ་བརྩི་བཀུར་ཞེས་པའི་ཚིག་བརྗོད་དེ་ཕྱིར་འཐེན་གྱི་དགོས་འདུན་བཏོན་གནང་ཡོད་ལ། གལ་ཏེ་རྒྱ་ནག་གཞུང་ཕྱོགས་ནས་ཚིག་བརྗོད་དེ་ཕྱིར་འཐེན་མ་བྱས་ཚེ་ ༢༠༡༦ ལོར་བཞག་པའི་གྲོས་མཐུན་ཡོངས་རྫོགས་རྩིས་མེད་གཏོང་རྒྱུའི་ཉེན་བརྡ་བཏང་གནང་འདུག
འདི་ལོ་ཕྱི་ཟླ་གསུམ་པའི་ནང་པརཱགྷ་གྲོང་ཁྱེར་ལས་ཁུངས་ཀྱི་སྟེང་བོད་ཀྱི་རྒྱལ་དར་སྒྲེང་བཙུགས་གནང་པ་དང་། ཟླ་བ་དེ་གའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་པརཱགྷ་རུ་ཕེབས་སྐབས་གྲོང་ཁྱེར་ལས་ཁུངས་ནང་མཇལ་འཕྲད་གནང་ཡོད་པ་རེད།  སྐུ་ཞབས་ཛེ་ཉེཀ་ཧིརིསྦ་ནི་དེ་སྔོན་ཐེ་ཝན་ནང་སྨན་པའི་མྱོང་གསོག་ཆེད་བཞུགས་མྱོང་འདུག་ལ། ཁོང་གིས་རྒྱལ་སྤྱིའི་ནང་གི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གི་སྟོབས་ཤུགས་ངོམས་སྟོན་ལ་གདོང་ལེན་གནང་པ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་བཞིན་པའི་ཐད་ཚུལ་མཐུན་གྱི་ལངས་ཕྱོགས་བཟུང་བ་དེར་གནད་དོན་དབྱེ་ཞིབ་པ་ཚོས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎