པེ་ཅིང་ནང་ངོ་རྒོལ་བྱེད་ཡུལ་སྤྱི་གླིང་གསུམ་ཟུར་འཇོག་བྱས་པ།

པེ་ཅིང་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡུལ་སྤྱི་གླིང་གསུམ་ཟུར་འཇོག་བྱས་ཡོད་པའི་གནས་ཚུལ་འདུག

2008-07-23
Share

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་སྐོང་ཚོགས་བྱ་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོས་རྒྱལ་ཁབ་ཀྱི་ཁྲིམས་དང་ལྡན་པའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡུལ་པེ་ཅིང་ནང་གི་སྤྱི་གླིང་གསུམ་ཟུར་འཇོག་བྱས་ཡོད་ལུགས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཤིག་ནས་བརྗོད་འདུག

པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་ཚོགས་ཆུང་གི་བདེ་འཇགས་དཔོན་རིགས་ ལིའུ་ཧྲའོ་ལྦུ་ ཡིས་ ང་ཚོས་པེ་ཅིང་ནང་ཡོད་པའི་སྤྱི་གླིང་ཁག་འགའ་ཤས་ཤིག་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡུལ་ཟུར་འཇོག་བྱས་ཡོད་ཅིང་དེ་ནི་ ཕུན་ཐའེ་ ཧའེ་ཏེན་ ཁྲའོ་དབྱང་ སོགས་རྒྱ་ཆེ་བའི་སྤྱི་གླིང་གསུམ་ཟུར་འཇོག་བྱས་ཡོད་ལུགས་ས་གནས་གསར་འགོད་ལྷན་ཚོགས་ཐོག་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་སྟོན་གནང་བཞག ཡིན་ནའང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོས་སྔ་ས་ནས་ས་གནས་ཉེན་རྟོག་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་ཀྱི་ཡོད་རུང་ས་གནས་ཉེན་རྟོག་པས་ཆོག་མཆན་སྤྲོད་ཀྱི་ཡོད་མིན་སྐོར་གསལ་པོ་ཤེས་རྟོགས་མེད་ཅེས་གསུངས་འདུག་ལ་ གལ་ཏེ་ཁྲིམས་མཐུན་གྱི་ཐོག་ནས་ཆོག་མཆན་ཞུས་ཏེ་ཆོག་མཆན་ཐོབ་པ་ཡིན་ན་ས་གནས་ཉེན་རྟོག་དམག་མིས་ཀྱང་ཁྲིམས་མཐུན་གྱི་སྒོ་ནས་རྒྱ་ནག་གི་སེར་སྲུང་སྐྱོབ་གནང་གི་རེད་ཅེས་འགྲེལ་བརྗོད་བྱས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།