ཁེ་ཎ་ཌའི་སྲིད་བློན་གྱིས༧གོང་ས་མཆོག་ལ་མཇལ་འཕྲད་ཞུས།

ཁེ་ཎ་ཌའི་སྲིད་བློན་མཆོག་གིས་རྒྱལ་ས་ཨོ་ཊ་ལྦ་ནང་ཚེས་༢༧་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་ཞུས་འདུག་

2012.04.30

༄༅༎ཁེ་ཎ་ཌའི་སྲིད་བློན་སིཀྲི་ཕེན་ཧའར་པཱར་མཆོག་གིས་རྒྱལ་ས་ཨོ་ཊ་ལྦ་ནང་ཚེས་༢༧་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་ཞུས་འདུག་ལ་ དེ་ནི་ཁེ་ཎ་ཌའི་གཞུང་གིས་ད་དུང་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་པའི་རྣམ་པ་གསལ་པོ་མཚོན་ཐུབ་ལུགས་Public Diplomacy ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག། འོན་ཀྱང་དེ་སྔ་ཁེ་ཎ་ཌའི་སྲིད་བློན་མཆོག་གིས་གཞུང་འབྲེལ་གྱི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་ཀྱང་  ད་ལན་སྐུ་སྒེར་གྱི་ངོ་བོའི་ཐོག་ནས་མ་གཏོགས་མཇལ་འཕྲད་ཞུས་མེད་པ་རེད།
དེ་ཡང་ལོ་ལྔ་ཙམ་སྔོན་དུ་སྲིད་བློན་ཧའར་པཱར་མཆོག་གིས་གཞུང་འབྲེལ་གྱི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་མ་ཟད་ ༧གོང་ས་མཆོག་ལ་ཁེ་ཎ་ཌའི་མེ་སེར་གྱི་ཆེས་ཐོངས་ཀྱང་ཕུལ་ཡོད་པ་རེད།
ད་ལན་སྲིད་བློན་ཧའར་པཱར་མཆོག་གི་མཇལ་འཕྲད་ཞུ་ཕྱོགས་ལ་འགྱུར་བ་ཕྱིན་པ་དེ་ནི་ ཕྱི་ལོ་༢༠༠༨ལོར་དཔལ་འབྱོར་ཉམ་རྒུད་ཕྱིན་པ་དང་ དེ་བཞིན་ཨ་མི་རི་ཀ་དང་ཚོང་འབྲེལ་ཡག་པོ་མ་བྱུང་བ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པ་རེད། སྲིད་འཛིན་ཧའར་པཱར་མཆོག་གིས་ འགྲོ་བ་མིའི་གནད་དོན་ཁོ་ནའི་ཐོག་ནས་རྒྱ་ནག་ལ་ཁ་ཡ་མི་་བྱེད་པར་འཇོག་མི་རུང་ཞེས་མཇུག་བསྡོམས་གནང་ཡོད་པ་རེད། སྲིད་བློན་ཧའར་པཱར་མཆོག་གིས་རྒྱ་ནག་གི་ཚོར་སྣང་ལ་དགོངས་བཞེས་དེ་ཙམ་གནང་སྟེ་ སྐུ་སྒེར་གྱི་ངོ་བོའི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་ཞུས་པ་དེ་ལའང་ རྒྱ་ནག་མི་དགའ་བ་ཆགས་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད་ཅེས་གསར་ལས་ཁང་དེས་མུ་མཐུད་གནས་ཚུལ་སྤེལ་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎