ར་ཤེ་ཡ་དང་རྒྱ་ནག་གི་མཚོ་དམག་ཟུང་འབྲེལ་གྱི་ཐོག་ནས་དམག་སྦྱོང་བྱ་འཆར་འདུག

2022.12.19
ར་ཤེ་ཡ་དང་རྒྱ་ནག་གི་མཚོ་དམག་ཟུང་འབྲེལ་གྱི་ཐོག་ནས་དམག་སྦྱོང་བྱ་འཆར་འདུག ར་ཤེ་ཡའི་སྲིད་འཛིན་(Vladimir Putin)་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིན་གཉིས། ༢༠༡༩
REUTERS

དེ་ཡང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། ར་ཤེ་ཡ་དང་རྒྱ་ནག་གི་མཚོ་དམག་ཟུང་འབྲེལ་གྱི་ཐོག་ནས་ཟླ་འདིའི་ཚེས་༢༡ནས་༢༧་བར་དུས་ཡུན་བདུན་ཕྲག་གཅིག་རིང་དམག་སྦྱོང་བྱ་རྒྱུ་ཡིན་ལུགས་ར་ཤེ་ཡའི་རྒྱལ་སྲུང་ལྷན་ཁང་གིས་གཟའ་ཟླ་བའི་ཉིན་བརྗོད་འདུག རྒྱལ་ཁབ་འདི་གཉིས་ཀྱི་མཚོ་དམག་ཟུང་འབྲེལ་གྱི་ཐོག་ནས་དམག་སྦྱོང་དེ་བཞིན་ཕྱི་ལོ་༢༠༡༢་ནས་བཟུང་ལོ་ལྟར་བྱེད་ཀྱི་ཡོད་པ་དང་། ཤར་རྒྱ་ནག་རྒྱ་མཚོའི་མཚོ་ཁུག་ཏུ་སྤེལ་རྒྱུའི་དམག་གི་སྦྱོང་བརྡར་དེའི་ནང་མེ་ཤུགས་འཕུར་མདེལ་དང་མེ་སྒྱོགས་འཕེན་རྒྱུ་སོགས་ཚུད་ཡོད་པ་ར་ཤེ་ཡའི་རྒྱལ་སྲུང་ལྷན་ཁང་གིས་བརྗོད་འདུག
ད་དུང་སྦྱོང་བརྡར་འདིའི་དམིགས་ཡུལ་གཙོ་བོ་ཞིག་ནི། ར་ཤེ་ཡ་དང་རྒྱ་ནག་གི་མཚོ་དམག་མཉམ་འབྲེལ་གྱི་ནུས་ཤུགས་ཆེ་རུ་གཏོང་ཐབས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་བརྟན་ལྷིང་རྒྱུན་གནས་ཡོང་བར་དམིགས་ཡོད་ཚུལ་བརྗོད་འདུག
ད་ལོའི་ཕྱི་ཟླ་གཉིས་པའི་ནང་ར་ཤེ་ཡས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས། ཡུལ་དེའི་ངོས་ནས་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར་བཅས་གང་ཅིའི་ཐད་ནས་རྒྱ་ནག་དང་འབྲེལ་བ་འཛིན་པའི་ལས་དོན་ཤུགས་ཇེ་ཆེར་བཏང་བ་དང་། མཉམ་དུ་ནུབ་ཕྱོགས་མཐུན་ཕྱོགས་ཡུལ་ཁག་ལ་དགྲ་ཟླ་ལངས་པར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིན་ནི་གལ་འགངས་ཆེ་བའི་མཐུན་གྲོགས་ཤིག་ལ་ངོས་འཛིན་བྱས་ཡོད་པ་ལྟར། ཡུཀ་རེན་ལ་བཙན་འཛུལ་མ་བྱས་པའི་ཡར་སྔོན་ཙམ་ལ་རྒྱལ་ཁབ་འདི་གཉིས་བར་འཐབ་ཇུས་མཉམ་འབྲེལ་ལ་ཚད་བཀག་མེད་ཅེས་པའི་སྤྱི་བསྒྲགས་ཤིག་ཀྱང་སྤེལ་ནས་ཕན་ཚུན་མཛའ་གྲོགས་ཀྱི་རྣམ་པ་བསྟན་ཡོད་པ་རེད།


གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎