རང་ལུས་མེར་སྲེག་ཅེས་པའི་ཕྱག་དེབ།

2014-11-27
གློག་འཕྲིན།
མཆན།
Share
པར་བཀོད།
རང་ལུས་མེར་སྲེག་ཅེས་པའི་ཕྱག་དེབ་གསར་པ་ཞིག་དབུ་འབྱེད་གནང་བ།
རང་ལུས་མེར་སྲེག་ཅེས་པའི་ཕྱག་དེབ་གསར་པ་ཞིག་དབུ་འབྱེད་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བསྟན་འཛིན་དོན་ཡོད།

དེ་རིང་བཞུགས་སྒར་དྷ་རམ་ས་ལར་རང་ལུས་མེར་སྲེག་ཅེས་པའི་དེབ་ཅིག་དབུ་འབྱེད་གནང་འདུག


༄༅།    །འཛམ་གླིང་ཐོག་རང་ལུས་མེར་སྲེག་གི་བྱུང་རིམ་ལོ་རྒྱུས་དང་། རང་ལུས་མེར་སྲེག་གི་བྱ་བར་ངོས་འཛིན་བྱ་ཕྱོགས་མི་འདྲ་བ་སོགས་ཀྱི་ནང་དོན་འཁོད་པའི་དེབ་འདི་བོད་མི་མང་སྤྱི་འཐུས་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཀྱིས་རྩོམ་སྒྲིག་གནང་པ་ཞིག་ཡིན་པ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད།  
སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་ཕྱག་དེབ་འདིའི་ནང་གཙོ་བོ་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཀུན་སློང་ལ་དཔྱད་དེ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོས་གཞན་ཕན་གྱི་ཆེད་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དེ་ཉིད་བློས་གཏོང་བའི་ཀུན་སློང་རྣམ་པར་དག་པ་ཞིག་ངེས་པར་ཡོད་པ་ཞིག་ཡིན་པ་གསུངས་འདུག
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དེབ་འདི་ནི་འབྱུང་རབས་ལོ་རྒྱུས་ཐོག་གི་དཔྱད་གཞིའི་ཡིག་ཆ་གལ་ཆེ་ཞིག་ཆགས་རྒྱུ་ཡིན་པ་གསུངས་པ་དང་། བོད་ཙམ་མིན་པའི་རྒྱལ་སྤྱིའི་ཐོག་གི་རང་ལུས་མེར་སྲེག་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་དེབ་གཅིག་གི་ནང་ཕྱོགས་སྒྲིག་ཞུས་ཡོད་པ་དེས་འབྱུང་རྒྱུར་ཞིབ་འཇུག་པ་དང་དོན་གཉེར་ཅན་པ་ཚོར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་འདུག
གསར་འགོད་པ།    སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།