རང་སྲེག་གི་དོན་རྐྱེན་འོག་བོད་མི་གཉིས་འཛིན་བཟུང་།

རྒྱ་ནག་གཞུང་གིས་བོད་མདོ་སྨད་རེབ་གོང་རྫོང་ནས་སྒྲོལ་མ་སྐྱབས་ལགས་དང༌། འཕགས་པ་ལགས་གཉིས་ནས་རང་ལུས་མེར་སྲེག་གཏོང་ཐབས་བྱས་པའི་གནས་ཚུལ་ལ་བསྙད་དེ་འཛིན་བཟུང་བྱས་འདུག
2013-01-25
གློག་འཕྲིན།
མཆན།
Share
པར་བཀོད།

༄༅།    །དེ་ཡང་དགུང་ལོ་༢༥ ཕེབས་པ་རེབ་གོང་ཐུན་རིང་རྫོང་མདོ་བ་དགོན་པའི་གྲྭ་སྒྲོལ་མ་སྐྱབས་ལགས་དང༌། དགུང་ལོ་༢༧ ལ་ཕེབས་པའི་རེབ་གོང་རྫོང་མདོ་བ་ཤང་ནས་ཡིན་པའི་འཕགས་པ་ལགས་གཉིས་ནས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་གཏོང་རྩིས་བྱས་པའི་ཉེས་འཛུགས་ཀྱིས་སྔ་ལོའི་ཕྱི་ཟླ་༡༡ ཚེས་༡༩ ཉིན་མཚོ་སྔོན་ཞིང་ཆེན་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༩ ཉིན་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་རེབ་གོང་རྫོང་ཡོན་ཆིན་ཧི་མགྲོན་ཁང་ནས་རང་ལུས་མེར་སྲེག་གཏོང་རྩིས་བྱེད་པའི་སྐབས་དུས་ཐོག་ཏུ་བཀག་འགོག་བྱེད་ཐུབ་པ་བྱུང་བའི་ནག་ཉེས་ཉེས་འཛུགས་བྱས་ཡོད་པ་དང༌། དེ་བཞིན་འཕགས་པ་ལགས་ནས་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་རྒྱུར་བརྒྱུད་སྐུལ་བྱས་པའིཉེས་འཛུགས་བྱས་ཡོད་པ་རེད།
འཕགས་པ་ལགས་ནི།    གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཤང་དུ་དྭ་ཕྲུག་ཁང་གི་དགེ་རྒན་བྱེད་པའི་རིང་ལ་སློབ་མ་ཚོར་བོད་རང་བཙན་གྱི་བསམ་བློའི་དྲིལ་བསྒྲགས་བྱས་ཡོད་པས་མ་ཟད། རེབ་གོང་རྫོང་དུ་སྲོལ་རྒྱུན་རིག་གནས་ཞབས་ཞུ་ཚོགས་པ་སོགས་ནང་ཞུགས་པ་ནི།    ཁྲིམས་འགལ་ཡིན་པ་སོགས་ཉེས་འཛུགས་མང་པོ་ཞིག་བྱས་ཡོད་པ་རེད།    འོན་ཀྱང་ནག་ཉེས་དེ་དག་ནི།    རྒྱ་ནག་གཞུང་གིས་དུས་རྒྱུན་དུ་ནས་བོད་མི་ཞིག་འཛིན་བཟུང་བྱ་རྒྱུར་ཉེས་མེད་ཉེས་འཛུགས་ཀྱི་ཁག་དཀྲི་འདོགས་རྒྱུའི་ཆེད་དུ་ལས་དོན་གང་བྱས་པ་ཚང་མ་ཁྲིམས་དང་མི་མཐུན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་འཇུགས་བྱས་ཏེ།    བོད་མིའི་ཐོག་རྡུང་རྡེག་དང༌། མནར་གཅོད། བཙོན་འཇུག་བྱེད་པའི་སྲིད་ཇུས་ཤིག་ཡིན་པའི་སྐོར་དང༌། གོང་གསལ་བོད་མི་གཉིས་འཛིན་བཟུང་བྱེད་སྐབས་ཀྱང་།    རང་ལུས་མེར་སྲེག་གཏོང་རྩིས་དང་བརྒྱུད་སྐུལ་བྱས་པའི་ཉེས་མིང་བཙུགས་ཏེ་འཛིན་བཟུང་བྱས་རྗེས་མི་བསད་པ་དང༌། སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་འཛུགས་བྱས་པ་དེའི་ཐོག་ནས་ཁོང་གཉིས་ལ་ཁྲིམས་ཆད་ལྗིད་པོ་གཏོང་རྒྱུའི་འཆར་གཞི་ཡོད་པ་གསལ་པོ་ཡིན་པའི་སྐོར་གནས་ཚུལ་དེའི་ནང་བཀོད་འདུག    །









མཆན། (0)
Share
དྲ་གནས་ཆ་ཚང༌།