བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཨ་རིར་ཕེབས་རྒྱུ་ཡིན་འདུག


2014.08.22
སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྲིད་སྐྱོང་མཆོག་ཨ་རིའི་གནད་ཡོད་མི་སྣ་དང་མཇལ་འཕྲད།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ་བཀྲ་ཤིས།

སྲིད་སྐྱོང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཇར་མན་ནེ། ཨ་མི་རི་ཀ་བཅས་སུ་གཞུང་དོན་ཆེད་ཕྱོགས་ཕེབས་གནང་ཡོད་པ་རེད།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཟླ་བ་འདིའི་ཕྱི་ཚེས་༢༢ནས་ ༢༤བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་གཞུང་གི་དཔོན་རིགས་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག དེ་ནས་ཇར་མན་ནེའི་ཡུལ་གྲུར་ཕེབས་ཐོན་གྱིས་དེར་ཕྱི་ཚེས་༢༦ཉིན་ཇར་མན་བོད་རིགས་མཐུན་ཚོགས་དང་། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་དབུ་འཛུགས་ནས་ལོ་ངོ་སུམ་ཅུ་དང་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་༢༧ཉིན་སྲིད་སྐྱོང་མཆོག་ཇར་མན་ནེའི་ཧམ་སྦུག་གྲོང་ཁྱེར་ནང་ཚོགས་གཏན་འཁེལ་བའི་བོད་རྒྱའི་ལྷན་ཚོགས་དེར་མཉམ་ཞུགས་གནང་རྒྱུ་དང་། དེར་ཡོ་རོབ་མངའ་ཁུལ་དང་། ཨ་མི་རི་ཀ། ཨེ་ཤེ་ཡའི་གླིང་ཆེན་བཅས་ནས་རྒྱ་ནག་གི་ཤེས་ཡོན་ཅན་གྱི་མི་སྣ་དང་སྲིད་དོན་ལས་འགུལ་བ། རྩོམ་བྲིས་པ་སོགས་ཚོགས་བཅར་གནང་རྒྱུ་ཡིན་པ་རེད། དེ་རྗེས་སྲིད་སྐྱོང་མཆོག་ཨ་རིའི་སྦོས་ཀྲོན་གྲོང་ཁྱེར་དུ་ཕེབས་ཏེ་དེར་ཨ་མི་རི་ཀའི་གཞུང་གི་དཔོན་རིགས་ཁག་གཅིག་དང་མཇལ་མོལ་གནང་རྒྱུའི་འཆར་གཞི་ཡོད་འདུག
སྲིད་སྐྱོང་མཆོག་ཕྱི་ཚེས་༢༩ནས་ཕྱི་ཚེས་༣༠ཉིན་གཉིས་རིང་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་དང་བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་དུ་གསུང་བཤད་གནང་རྒྱུའི་འཆར་གཞི་ཡང་ཡོད་པ་རེད་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎