སིང་ག་ཕོར་གཞུང་གིས་ཨ་རིའི་སྲིད་ཇུས་ལ་བསྔགས་བརྗོད།

སིང་ག་ཕོར་གཞུང་གིས་ཨ་མི་རི་ཀའི་ཨེ་ཤི་ཡའི་ཡུལ་ཁག་དང་འབྲེལ་བ་དམ་ཟབ་གཏོང་བའི་སྲིད་ཇུས་དེར་དགའ་བསུའི་བསྔགས་བརྗོད་ཞུས་པ།

2012.02.02

༄༅༎སིང་ག་ཕོར་(Singapore)གཞུང་གིས་ཨ་མི་རི་ཀའི་ཨེ་ཤི་ཡའི་ཡུལ་ཁག་དང་འབྲེལ་བ་དམ་ཟབ་གཏོང་བའི་སྲིད་ཇུས་དེར་དགའ་བསུའི་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག་ ཨ་རི་གཞུང་ནས་འབར་མ་རྒྱལ་ཁབ་ཐོག་དཔལ་འབྱོར་གྱི་ཉེས་ཆད་ཕྱིར་བསྡུ་གནང་དགོས་པའི་སྐོར་འབོད་སྐུལ་བྱས་འདུག་༎
སིང་ག་ཕོར་གྱི་ཕྱི་འབྲེལ་བློ་ཆེན་སྐུ་ཞབས་ཀེ་ཤན་མུ་གན་དེང་ཨ་རིའི་རྒྱལ་སར་གཞུང་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་དང་ ཁ་ས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་ལྷན་དང་མཇལ་མོལ་གནང་སྐབས་ ཡུལ་གྲུ་གཉིས་དབར་མཛའ་གྲོགས་ཀྱི་འབྲེལ་ལམ་ད་དུང་གཏིང་ཟབ་ཏུ་གཏོང་རྒྱུའི་བཀའ་གྲོས་བྱུང་ཡོད་འདུག ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཨ་རིའི་ཐེ་ཇུས་དང་ཤུགས་རྐྱེན་གོང་མཐོར་གཏོིང་རྒྱུའི་སྲིད་ཇུས་ལག་བསྟར་གནང་བཞིན་པ་མ་ཟད་ དེ་སྔ་དྲག་པོའི་སྒྲིག་འཛུགས་ཀྱིས་སྣེ་འཁྲིད་པའི་འབར་མ་རྒྱལ་ཁབ་ནང་ རྒྱལ་ཡོངས་འོས་བསྡུ་བྱས་པ་དང་ ཆབ་སྲིད་བཙོན་པ་གློད་བཀྲོལ་བཏང་བ་སོགས་དམངས་གཙོའི་བཅོས་བསྒྱུར་ལ་བརྟེན་ནས་ ཨ་རི་གཞུང་གིས་འབར་མ་དང་གཞུང་འབྲེལ་སྐྱར་གསོ་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད་ ད་རེས་སིང་ག་ཕོར་གྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས་ ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྷན་དུ་མཇལ་འཛོམས་གནང་སྐབས་ ཨ་རི་གཞུང་གིས་འབར་མ་རྒྱལ་ཁབ་དང་གཞུང་འབྲེལ་སྐྱར་གསོ་ཙམ་མ་ཟད་ འབར་མ་ནང་དམངས་གཙོའི་འཕེལ་རིམ་མུ་མཐུད་མདུན་བསྐྱོད་སླད་ དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་དེ་དག་ཀྱང་གང་མགྱོགས་ཕྱིར་བསྡུ་ཡོང་བའི་འབོད་སྐུལ་ཞུས་པ་དང་སྦྲགས་འབར་མའི་སྲིད་འཛིན་ཐེཨིན་སེན་གྱིས་རྒྱལ་ཁབ་ནང་དམངས་གཙོའི་རང་དབང་དང་ བཅོས་བསྒྱུར་མུ་མཐུད་གཏོང་འགྱུར་ཆོད་སེམས་བརྟན་པོ་ཡོད་ཚུལ་ནན་བརྗོད་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎