རང་ལུས་མེར་སྲེག་གནང་མཁན་གྱི་ཁ་ཆེམས་ནང་བོད་མིའི་ཞི་རྒོལ་མེ་སྲེག་སྐོར་འདུག


2018.04.17
ཁྲིམས་རྩོད་པ་གྲགས་ཅན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་སྐུ་ཞབས་(David S. Buckel)གྱིས་རང་ལུས་མེར་སྲེག་གནང་ཡུལ། ༢༠༡༨།༤ ཁྲིམས་རྩོད་པ་གྲགས་ཅན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་སྐུ་ཞབས་(David S. Buckel)གྱིས་རང་ལུས་མེར་སྲེག་གནང་ཡུལ། ༢༠༡༨།༤
FOX365/youtube

ཨ་རིའི་ནང་གི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་མཚན་མཐུན་གཉེན་སྒྲིག་ཐད་ཀྱི་ཁྲིམས་རྩོད་པ་གྲགས་ཅན་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ཞུ་འབོད་ཞུས་ཏེ་རང་སྲེག་ངོ་རྒོལ་བྱས་ནས་འདས་གྲོངས་གྱུར་ཡོད་པ་དང་། ཁོང་ནི་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནས་ཡིན་ཞིང་།  ཁོང་གི་ཞལ་ཆེམས་ནང་བོད་ནང་གི་བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོས་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གནང་གི་ཡོད་པའི་སྐོར་གླེང་ཡོད་འདུག
དེ་ཡང་ཕྱི་ཟླ་༤ པའི་ཚེས་༡༥ ཉིན་ནེའུ་ཡོག་དུས་བབ་(The New York Time)སོགས་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་མངའ་སྡེ་ནིའུ་ཡོག་གི་གྲོང་སྡེ་སྦརུཀ་ལིན་ནང་། ཟླ་༤ པའི་ཚེས་༡༤ ཉིན་གྱི་ཞོགས་པ་ཨ་རིའི་རྒྱལ་ནང་དུ་མཚན་མཐུན་ཆགས་སྤྱོད་པའི་བདེ་སྡུག་ལ་སེམས་ཁུར་གནང་མཁན་མཚན་མཐུན་གཉེན་སྒྲིག་ཐོག་གི་ཁྲིམས་རྩོད་པ་གྲགས་ཅན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་རང་ལོ་༦༠ སོན་པ་སྐུ་ཞབས་ཌ་ཝེཌ་བྷག་ཀེལ་(David S. Buckel)གྱིས། རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གིས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ཞུ་འབོད་ཀྱི་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་དེ་རང་ལུས་མེར་སྲེག་མ་བཏང་གོང་ཨ་རིའི་བརྒྱུད་ལམ་ཆེ་ཁག་ལ་གློག་འཕྲིན་བརྒྱུད་ནས་བཏང་ཡོད་འདུག ཁོང་གི་ཞལ་ཆེམས་ཡི་གེ་དེའི་ནང་། གནད་དོན་ཞིག་གི་ཆེད་དུ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་པ་དེ་ནི་གསར་པ་ཞིག་མིན་པར། བོད་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་གི་ཡོད་པའི་སྐོར་བྲིས་ཡོད་འདུག་ལ།  ད་དུང་ཁ་ཆེམས་ཀྱི་ཡི་གེ་དེའི་ནང་། འབག་བཙོག་གིས་འཛམ་གླིང་འདི་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། མཁའ་རླུང་དང་། ཆུ། གནམ་གཤིས་སོགས་ཀྱི་འབག་བཙོག་ལ་བརྟེན་ནས། འཛམ་གླིང་འདིར་གནས་སྡོད་མི་རུང་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་མ་ཟད་། མི་མང་ཆེ་བ་རྡོ་སྣུམ་དང་ས་སྣུམ་སོགས་ཀྱིས་འབག་བཙོག་བཟོས་པའི་མཁའ་དབུག་རྔུབ་བཞིན་ཡོད་པ་དང་། ཁོང་གིས་རང་ལུས་མེར་སྲེག་པའི་ལམ་བུ་བརྒྱུད་ནས་ངོ་རྒོལ་བྱེད་ཡས་དེས་གཞན་ལ་ཕན་ཐོགས་ཡོང་བའི་རེ་བ་ཡོད་སོགས་བྲིས་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་སོགས་གནད་ཡོད་མི་སྣ་ཚོས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎