ཨ་མ་ཤིང་རྟའི་ཐོག་འདྲུད་ནས་ལྷ་སར་གནས་སྐོར།


2014.08.22
མགོན་པོ་བཀྲ་ཤིས་ཀྱིས་ཨ་མ་ཤིང་རྟ་ལ་འདྲུད་ནས་ལྷ་སར་བསྐྱོད་བཞིན་པ། ༢༠༡༤།༦།༢༤ མགོན་པོ་བཀྲ་ཤིས་ཀྱིས་ཨ་མ་ཤིང་རྟ་ལ་འདྲུད་ནས་ལྷ་སར་བསྐྱོད་བཞིན་པ། ༢༠༡༤།༦།༢༤
བོད་འབྱོར།

ཨ་མ་ལོང་བ་ཞིག་གི་རེ་སྨོན་འགྲུབ་ཆེད་ཁོང་གི་བུས་ཨ་མ་ཤིང་རྟ་ལ་འདྲུད་ནས་ལྷ་སར་ཇོ་མཇལ་དང་གནས་སྐོར་ལེགས་འགྲུབ་བྱུང་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་གསལ་ལ། མདོ་སྨད་ཀླུ་ཆུ་ནས་ཡིན་པའི་ཨ་མ་པདྨ་མཚོ་ནི་ད་ལོ་དགུང་ལོ་ ༨༥ ཡིན་པ་དང་། ཁོ་མོས་དུས་རྟག་ཏུ་རེ་སྨོན་དང་། ཁ་ནས་མ་ཎི་བཞིན་བགྲང་པ་ནི། ཚེ་འདིར་ཐེངས་གཅིག་ལྷ་སར་ཕྱིན་ནས་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེར་མཇལ་རྒྱུ་དེ་ཡིན་པ་དེ་ལྟར་ཡང༌། ད་བར་ཁྱིམ་གྱི་དཔལ་འབྱོར་གནས་སྟངས་ཞན་པ་དང་། མ་རྒན་མིག་ལོང་བ་ཡིན་པའི་རྒྱུ་མཚན་གྱིས་རེ་བ་དེ་ཡུན་རིང་འགྲུབ་ཐུབ་མེད་ཀྱང༌། འདི་ལོའི་ཕྱི་ཟླ་༣པའི་ནང་། ཁོང་གི་བུ་མགོན་པོ་བཀྲ་ཤིས་ཀྱིས་རང་གི་མའི་རེ་སྨོན་ལྟར། ཨ་མ་ཤིང་རྟ་ལ་བཞུགས་སུ་བཅུག་ནས་ཁོང་དང་ཁོང་གི་རོགས་པ་ཁ་ཤས་ཀྱིས་ཤིང་རྟ་དྲུད་དེ། ལམ་ཐག་སྤྱི་ལེ་༢༥༠༠ ལྷག་གི་མདོ་དབུས་གཞུང་ལམ་བརྒྱུད་འགྲུལ་བཞུད་དང༌། ལྷག་པར་རི་ཆུ་སྟོང་ཕྲག་བརྒལ་བའི་དཀའ་བ་ཁྱད་བསད་ཀྱིས་འདི་ལོའི་ཕྱི་ཟླ་༦པའི་ཚེས་༢༧ ཉིན་ལྷ་སར་དངོས་སུ་འབྱོར་བ་དང་ཇོ་བོ་རིན་པོ་ཆེ་མཇལ་ཐུབ་པ་བྱུང་བ་མ་ཟད། གདན་ས་གསུམ་གྱི་གཙོས་ལྷ་སའི་ཉེ་འཁོར་ཡོངས་ལ་གནས་མཇལ་བྱས་རྗེས་ཉེ་ཆར་ཕྱིར་ཕ་ཡུལ་ལ་འབྱོར་ཡོད་པ་དང་། འབྲེལ་ཡོད་མི་ཞིག་གིས་བརྗོད་དོན་ལ། ཁོང་རྣམས་ལྷ་སར་འབྱོར་བའི་སྐབས།  དེར་ཡོད་ཕ་ཡུལ་གཅིག་པ་གཙོས་པའི་བོད་མི་རྣམས་ཀྱིས་རྟེན་འབྲེལ་གྱི་ཁ་བཏགས་གཡོག་པ་སོགས་ཀྱི་ཐོག་ནས་འཚམས་འདྲིའི་སྣེ་ལེན་བྱས་པ་དང་། བུ་མགོན་པོ་བཀྲ་ཤིས་ཀྱི་ལས་དོན་སེམས་ཤུགས་ལ་རྒྱབ་སྐྱོར་བསྟོད་བསྔགས་དང་། མ་བུ་གཉིས་ལ་དཔལ་འབྱོར་སོགས་ཀྱི་རོགས་རམ་ཡང་བྱས་ཡོད་འདུག
ཨ་མ་པདྨ་མཚོ་དང་བུ་མགོན་པོ་བཀྲ་ཤིས་གཉིས་ནི་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཀ་ཤུལ་རུ་ཁག་དང་པོ་ནས་ཡིན་པ་དང་། མགོན་པོ་བཀྲ་ཤིས་ལགས་ད་ཆ་དགུང་གྲངས་ ༥༨ ལ་ཕེབས་ཀྱི་ཡོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པ་ནས་གཞུང་གཉེར་སློབ་གྲྭར་བཅུག་པའི་སློབ་ཕྲུག་ཚོ་ཕྱིར་འགྲོ་སྐྱོད་མི་ཆོག་པ་སོགས་བཙོན་པ་ལྟ་བུ་བྱས་ཏེ་སློབ་གྲྭའི་ནང་བཅུག་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎