འབར་མའི་ལྕམ་སུའུ་ཆིས་དབྱིན་ཡུལ་གྲོས་ཚོགས་སུ་གསུང་བཤད།

ལྕམ་སུའུ་ཆི་མཆོག་གིས་ཁ་ས་དབྱིན་ཇིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་གསུང་བཤད་གནང་འདུག

2012.06.22

༄༅༎འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུའུ་ཆི་མཆོག་གིས་ཁ་ས་དབྱིན་ཇིའི་གྲོས་ཚོགས་ཀྱི་ལྦེསི་མིནསི་ཀྲར་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་གསུང་བཤད་གནང་ཡོད་པ་དེ་ནི། ཕྱི་རྒྱལ་གྱི་བུད་མེད་ཅིག་གིས་དབྱིན་ཇིའི་གྲོས་ཚོགས་གོང་འོག་གཉིས་ཚང་འཛོམས་སར་གསུང་བཤད་གནང་བ་ཐོག་མ་དེ་ཆགས་ཡོད།

ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སུ་ཅི་ཡིས་དབྱིན་ཡུལ་གྲོས་ཚོགས་ཐོག་གསུང་བཤད་གནང་རྒྱུའི་གོ་སྐབས་ཐོབ་གནང་བ་དེ་ནི་ཁོང་ལ་དབྱིན་ཡུལ་གྱིས་ཆེ་བསྟོད་ཆེན་པོ་གནང་བར་ངོས་འཛིན་དང་བཅས། དེ་གར་ཕེབས་པའི་གྲོས་ཚོགས་འཐུས་མི་དང་སྐུ་མགྲོན་༢༠༠༠ཙམ་ལ་ མཛའ་གྲོགས་དང་ཕན་ཚུན་འདྲ་མཉམ་གྱི་འདུ་ཤེས་འཛིན་པའི་ཐོག་ནས་འབར་མ་ཡུལ་ལ་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག།

ཁོང་གིས་གསུང་དོན། ང་ཚོས་ད་བར་ཆོད་སེམས་བརྟན་པོ་དང་སེམས་ཐག་གཙང་བཅད་ཀྱིས་འབད་བརྩོན་བྱས་པ་དེས་འབར་མའི་ནང་གི་གནས་སྟངས་ལ་འགྱུར་བ་དེ་ཙམ་ཐེབས་ཡོད་དུས། དབྱིན་ཡུལ་མང་ཚོགས་དང་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་ཚོས་ང་ཚོར་རྒྱབ་སྐྱོར་གནང་བ་ཡིན་ན་འབར་མ་ཡུལ་གྱིས་མདུན་སྐྱོད་དེ་ལས་ལྷག་པ་བྱེད་ཐུབ་ཀྱི་རེད་ཅེས་གསུངས་བཞག།

དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཇོན་སྦར་ཀོ་མཆོག་གིས་ ལྕམ་སུའུ་ཆི་ནི་རྒྱལ་ཁབ་ཀྱི་མཚོན་དོན་དང་འགྲོ་བ་མིའི་བདེ་རྩའི་ཆེད་ཐུགས་འཁུར་ཆེ་བཞེས་གནང་མཁན་གྱི་དཔའ་མོ་ཞིག་ལ་ངོས་འཛིན་གནང་འདུག།

ལྕམ་སུ་ཅི་མཆོག་གིས་ འབར་མའི་ནང་ད་ལྟའི་སྐབས་ཀྱི་དམངས་གཙོའི་འགྱུར་བ་དེ་སྐྱོན་ཆག་འགྲོ་སླ་བའི་འཕེལ་རིམ་ཞིག་ཡིན་པ་དང། ཁོང་གི་ཡུལ་འབར་མ་དེ་བཞིན་མ་འོངས་མདུན་ལམ་བཟང་པོ་ཞིག་གི་ཕྱོགས་སུ་བསྐྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཏེ། ལོ་མང་རིང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་འབར་མའི་མང་ཚོགས་ལ་སླད་ཕྱིན་འཚོ་བའི་གནས་སྟངས་ཡག་ཏུ་འགྲོ་རྒྱུ་དང༌། གང་ཅིའི་གོ་སྐབས་བཟང་དུ་འགྲོ་རྒྱུའི་བཅོས་སྒྱུར་ལ་འཛམ་གླིང་ཡོངས་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་བཞག།

དབྱིན་ཡུལ་གྲོས་ཚོགས་གོང་འོག་གཉིས་ཚང་འཛོམས་ཐོག་བུད་མེད་གསུང་བཤད་གནང་མཁན་ལྕམ་སུའུ་ཆིའི་གོང་ལ་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་སྦེཐ་གཉིས་པ་མ་གཏོགས་བྱུང་མེད་སྟབས་ཁོང་བུད་མེད་ཨང་གཉིས་པ་དང༌། ཡང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ལྦེསི་མིནསི་ཀྲར་ཚོགས་ཁང་ཆེན་མོའི་ནང་ཕྱི་རྒྱལ་གྱི་དཔོན་རིགས་གསུང་བཤད་གནང་མཁན་ཨང་ལྔ་པ་དེ་ཆགས་ཀྱི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎