ཐེ་ཝན་གྱི་དམག་དོན་ནུས་ཤུགས་ཆེ་རུ་ཕྱིན་ཡོད་པ་ཐེ་ཝན་སྲིད་འཛིན་གྱིས་གསུངས་འདུག

2022.09.06
ཐེ་ཝན་གྱི་དམག་དོན་ནུས་ཤུགས་ཆེ་རུ་ཕྱིན་ཡོད་པ་ཐེ་ཝན་སྲིད་འཛིན་གྱིས་གསུངས་འདུག ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་མཆོག་གིས་མཁའ་དམག་དཔུང་སྡེར་འཚམས་གཟིགས་སྐབས། ༠༩།༠༦།༢༠༢༢
REUTERS

དེ་ཡང་རོའུ་ཊར་གསར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་མཆོག་གིས་གཟའ་མིག་དམར་ཉིན་ཧཱ་ལེན་(Hualien)་མངའ་ཁུལ་དུ་ཆགས་པའི་མཁའ་དམག་དཔུང་སྡེར་འཚམས་གཟིགས་དང་འབྲེལ་གཏམ་བཤད་གནང་བའི་ནང་། ཐེ་ཝན་ལ་ཕྱི་ཕྱོགས་ནས་ཡང་སེ་སྡིགས་ར་སྐུལ་བཞིན་པའི་གནས་སྟངས་ད་བར་ཡལ་མྱོང་མེད་པའི་འོག་ནས་ང་ཚོས་དམག་དོན་གྱི་ནུས་པ་ཤུགས་ཆེ་རུ་གཏོང་དགོས་བྱུང་བ་དང་། གནས་སྟངས་དེའི་འོག་ནས་ད་ཆ་ང་ཚོའི་ངོས་ནས་གདོང་ལེན་བྱེད་རྒྱུའི་དམག་དོན་ནུས་ཤུགས་ཆེ་རུ་ཕྱིན་ཏེ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཚད་གཞི་སྔར་ལས་ལྷག་མཐོ་རུ་ཕྱིན་ཡོད་པར་སྤོབས་པ་སྐྱེས་བཞིན་ཡོད་ཅེས་དམག་མི་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་གནང་ཡོད་འདུག ཐེ་ཝན་གྱི་དམག་གིསརེས་གཟའ་མིག་དམར་ཉིན་ནས་ཉིན་གཉིས་རིང་དམག་དོན་སྦྱོང་བརྡར་བྱེད་བཞིན་པ་རེད།
ཕྱི་ཟླ་བཅུ་པའི་ཚེས་བཅུ་ཉིན་མོ་དེ་བཞིན་ཐེ་ཝན་རྒྱལ་ཁབ་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཉིན་མོ་དེར་སྲིད་འཛིན་ཚའེ་ཨིང་ཝུན་མཆོག་མཛད་སྒོར་དབུ་བཞུགས་གནང་འཆར་ཡོད་འདུག
སྤྱིར་བཏང་ཐེ་ཝན་དང་རྒྱ་ནག་གཉིས་བར་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནས་བཟུང་བདག་དབང་གི་ཐོག་རྒྱ་ནག་ནས་ཟླ་སྒྲིལ་གཏོང་རྒྱུ་ཡིན་ལུགས་བཤད་པ་དང་། ཐེ་ཝན་རང་བཙན་ལོགས་སུ་ཡིན་པའི་རྒྱལ་ཁབ་ཀྱི་ངོ་བོར་ངོས་འཛིན་བྱས་ན་འགྲིག་གི་མེད་ཟེར་བ་སོགས་ཀྱི་འཁོན་འཛིན་ཡོད་མུས་ཐོག་ཉེ་བའི་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སེ་པེ་ལོ་སི་མཆོག་གི་དབུས་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་གིས་སྐྱོན་བརྗོད་སྡིགས་ར་སྐུལ་མིན་ལ་མ་བལྟོས་བར་འཚམས་གཟིགས་སུ་ཕེབས་པའི་རྗེས་དེ་བས་རྒྱ་ནག་གིས་ཐེ་ཝན་ཐོག་དམག་དོན་སྦྱོང་བརྡར་གྱི་ལམ་ནས་སྡིགས་ར་སྐུལ་ཤུགས་ཆེ་རུ་བཏང་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎