ཐེ་ཝན་གྱིས་རྒྱ་ནག་ལ་གཏོར་བརླག་རང་བཞིན་གྱི་དམག་དོན་བྱེད་སྒོ་མཚམས་འཇོག་དགོས་བའི་འབོད་སྐུལ་བྱས་འདུག

2023.09.18
ཐེ་ཝན་གྱིས་རྒྱ་ནག་ལ་གཏོར་བརླག་རང་བཞིན་གྱི་དམག་དོན་བྱེད་སྒོ་མཚམས་འཇོག་དགོས་བའི་འབོད་སྐུལ་བྱས་འདུག རྒྱ་ནག་དང་ཐེ་ཝན་བར་གྱི་གནས་སྟངས་མཚོན་དོན་པར་རིས།
REUTERS

དེ་ཡང་རྒྱ་ནག་གཞུང་གིས་ཐེ་ཝན་ཉེ་འཁོར་དུ་དམག་སྦྱོང་བྱས་ནས་དམག་དོན་བྱེད་སྒོ་ཆེས་ཆེར་སྤེལ་བཞིན་པའི་གནས་ཚུལ་ཐོན་པའི་རྗེས། འདི་ཚེས་༡༨གཟའ་ཟླ་བ་ཉིན་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས། རྒྱ་ནག་གི་གཏོར་བརླག་རང་བཞིན་དང་ཕྱོགས་གཅིག་རང་བཞིན་གྱི་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་ཞེས་འབོད་སྐུལ་བྱས་འདུག
ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས། གཟའ་ཉི་མའི་ཉིན་ནས་བཟུང་ཐེ་ཝན་ཉེ་འཁོར་གྱི་མཚོ་ཐོག་ཏུ་རྒྱ་ནག་གི་དམག་གྲུ་༡༠༣ཡོད་པ་མཐོང་ཡོད་ལ། གྲངས་ཀ་དེ་ནི་ཉེ་དུས་ཀྱི་གྲངས་ཚད་ཆེས་མཐོ་ཤོས་ཡིན་ཞེས་བརྗོད་འདུག
ཆུ་ཚོད་༢༤རིང་གི་རྒྱ་ནག་གི་འགུལ་བསྐྱོད་ཀྱི་ས་ཁྲ་ལས་ཤེས་རྟོགས་ཐུབ་པར། དམག་འཐབ་གནམ་གྲུ་ཐེ་ཝན་མཚོ་འགག་གི་དཀྱིལ་ཐིག་རྒྱུད་དུ་འཕུར་ཡོད་པ་དང་། ལོ་གཅིག་གི་སྔོན་ནས་བཟུང་རྒྱུན་ལྡན་ཐོག་ཁུལ་དེར་བརྒལ་ཡོད་ཅིང་། ས་ཐིག་དེ་ནི་ཐོག་མཐའ་བར་གསུམ་དུ་མཚོ་འགག་ཕྱོགས་གཉིས་བར་གྱི་དངོས་གཞི་མིན་པའི་སྲུང་ཡུལ་ཞིག་ཆགས་ཡོད་འདུག
དམངས་གཙོའི་ལམ་ལུགས་ཐོག་འཛིན་སྐྱོང་བྱེད་བཞིན་པའི་ཐེ་ཝན་དེ་རྒྱ་ནག་གིས་རང་ཉིད་ཀྱི་མངའ་ཁོངས་སུ་ཡིན་ལུགས་བརྗོད་བཞིན་པ་དང་། ཉེ་བའི་ལོ་ཤས་རིང་ཐེ་ཝན་གྱི་མཐའ་འཁོར་དུ་དམག་དོན་སྦྱོང་བརྡར་བྱས་ཏེ་ཐེ་ཝན་གླིང་ཕྲན་གྱི་བདག་དབང་འཚོལ་ཐབས་ཀྱི་དམིགས་ཡུལ་བཟུང་ནས་ཐེ་པེ་གཞུང་ལ་གནོན་ཤུགས་སྤྲོད་བཞིན་པ་རེད།


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་ལས་ཉིན་གཉིས་པར་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐད་བགྲོ་གླེང་གནང་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎