རྒྱ་ནག་གི་གནམ་དམག་སྦྱོར་བརྡར།


2017.08.13
རྒྱ་ནག་གི་གནམ་དམག་སྦྱོར་བརྡར། ཉི་ཧོང་དང་ཐག་ཉེ་བའི་བྱང་ཕྱོགས་ཁུལ་འཕུར་བསྐྱོད་བྱས་ཡོད་ལུགས་ཐེ་ཝེན་གྱི་བདེ་སྲུང་བློན་ཆེན་ལས་ཁང་གིས་གསུངས་བཞག
ཕལི་ཀར།

༄༅༎རྒྱ་ནག་གི་དམག་མིས་གནམ་ཐོག་ནས་ཐེ་ཝེན་གྱི་ལྷོ་ཕྱོགས་སུ་བདུན་ཕྲག་འདིིོའི་གཟའ་མཇུག་ཏུ་འཕུར་བསྐྱོད་བྱས་ནས་དམག་སྦྱོང་ཐེངས་གཉིོས་བྱས་རྗེས་ཉི་ཧོང་དང་ཐག་ཉེ་བའི་བྱང་ཕྱོགས་ཁུལ་འཕུར་བསྐྱོད་བྱས་ཡོད་ལུགས་དེ་རིང་ཐེ་ཝེན་གྱི་བདེ་སྲུང་བློན་ཆེན་ལས་ཁང་གིས་གསུངས་བཞག རྒྱ་ནག་གིས་རྩོད་གཞི་ཅན་གྱི་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་རྒྱ་ནག་ལ་ཡོད་ལུགས་ཨུ་ཚུགས་བྱེད་བཞིན་ཡིན་པ་དང་། དེ་བཞིན་ཐེ་ཝེན་གྱི་གནད་དོན་ཐོག་ལའང་རྒྱ་ནག་གིས་བློ་འཚབ་བྱེད་བཞིན་པ་རེད།
དེ་རིང་རེས་གཟའ་ཉི་མའིོ་ཉིན་རྒྱ་ནག་གི་དམག་མི་དང་ཟ་ཆས་སོགས་སྐྱེལ་འདྲེན་བྱེད་མཁན་གནམ་གྲུ་གཉིས་ཐེ་ཝེན་དང་ཕི་ལི་པིན་ཡུལ་གྲུ་གཉིས་དབར་འབྲེལ་བའི་མཚོ་ལམ་Bashi ཟེར་བའི་སྟེང་འཕུར་བསྐྱོད་བྱས་ཡོད་པ་དང་། དེ་རྗེས་ཐེ་ཝེན་གྱི་བྱང་ངོས་སུ་ཡོད་པའི་ཉི་ཧོང་གི་Miyako ཟེར་བའི་མཚོ་གླིང་ཐོག་འཕུར་བསྐྱོད་བྱས་རྗེས་རྒྱ་ནག་གི་གནམ་དམག་གནམ་གྲུ་གཉིས་དང་ལྷན་དུ་དམག་སྦྱོང་བྱས་རྗེས་རྒྱ་ནག་ཏུ་ཕྱིར་ལོག་བྱས་ཡོད་ལུགས་ཐེ་ཝེན་གྱི་བདེ་སྲུང་ལྷན་ཁང་གིས་གསུངས་བཞག དེ་བཞིན་རེས་གཟའ་སྤེན་པའི་ཉིན་ཡང་ Bashi མཚོ་ལམ་ཐོག་རྒྱ་ནག་གི་གནམ་དམག་གནམ་གྲུ་དང་དོལ་པོ་སྐྱེལ་འདྲེན་གནམ་གྲུ་འཕུར་བསྐྱོད་བྱས་ཡོད་འདུག ཐེ་ཝེན་གྱི་དམག་མིས་རྒྱ་ནག་གི་དམག་སྦྱོང་དེ་རིགས་ལ་བྱ་ར་ནན་པོ་གནང་ནས་འོས་མཚམས་ཀྱི་ལན་འདེབས་གནང་རྒྱུ་ཡིན་ལུགས་ཐེ་ཝེན་གྱི་བདེ་སྲུང་ལྷན་ཁང་ནས་གསུངས་བཞག འོན་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝེན་གྱི་གནམ་ཐོག་ཏུ་དམག་སྦྱོང་བྱས་པའི་སྐོར་ལ་ད་བར་གང་ཡང་གསུངས་མེད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎