དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གཞུང་འབྲེལ་ཕྱོཊ་བསྐྱོད་གྲུབ་འདུག


2017.05.18
ར་ཤི་ཡའི་ནང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་(St. Petersburg)དུ་གཞུང་འབྲེལ་འཚམས་གཟིགས་སྐབས། ༢༠༡༧།༥།༡༤ ར་ཤི་ཡའི་ནང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་(St. Petersburg)དུ་གཞུང་འབྲེལ་འཚམས་གཟིགས་སྐབས། ༢༠༡༧།༥།༡༤
tibet.net

ར་ཤི་ཡའི་ནང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ཤི་ཡའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་St. Petersburgདུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་འདུག
དེ་ཡང་འདི་ཟླའི་ཚེས་༡༣ཉིན། ར་ཤི་ཡའི་ནང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་St. Petersburg་གསོལ་མགྲོན་ཁང་དུ། དུས་རབས་༢༡་པའི་ནང་གི་ནང་ཆོས་དང་བོད་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། ཁུལ་དེའི་ནང་པ་ཚོས་གོ་སྒྲིག་ཞུས་པའི་གསུང་བཤད་ལས་རིམ་དེའི་ཐོག་ཏེ་ལོ་རིན་པོ་ཆེ་མཆོག་གིས་་ད་ལྟའི་སྐབས་འདིར་བོད་ནང་གསར་འགོད་པ་ཐེ་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་། གནས་སྐོར་བ་ཚོ་རང་དབང་གི་སྒོ་ནས་འགྲོ་འོང་མ་ཆོག་པའི་དམ་དྲག་ཡོད་པ་དང་། གཞིས་ལུས་བོད་མི་ཚོས་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་ཕེབས་འཇུག་དགོས་པའི་དགོས་འདུན་བཏོན་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ད་བར་ཁྱོན་བོད་མི་༡༤༧ཙམ་བྱུང་ཡོད་པ་དང་། བོད་ནང་ཆོས་དད་རང་དབང་མེད་པའི་གནས་སྟངས་ངོ་སྤྲོད་གནང་བའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་འདུག
གོང་ཞུས་འདུ་འཛོམས་དེའི་ཐོག་ཁུལ་དེའི་མི་མང་༡༣༠ཙམ་མཉམ་ཞུགས་གནང་ཡོད་འདུག
ཕྱི་ཚེས་༡༤ཉིན། ཏེ་ལོ་རིན་པོ་ཆེ་མཆོག་གིས་གྲོང་ཁྱེར་St. Petersburg ནང་ཡོད་པའི་ཆོས་ལུགས་དང་རི་ཁྲོད་མཚམས་ཁང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་བར་ཕེབས་ཡོད་ཅིང་། འགྲེམས་སྟོན་ཁང་དེའི་ནང་དུས་རབས་༨པ་དང་དེའི་གོང་གི་བོད་དང་སོག་པོའི་ནང་པའི་ཆོས་རྫས་དང་ཆམ་ཆས། འདྲ་སྐུ་དང་སྐུ་ཐང་སོགས་དངོས་རྫས་རྙིང་པ་སྟོང་ཁྲག་མང་པོ་ཉར་ཚགས་གནང་ཡོད་པའི་ནང་ནང་རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་ར་ཤི་ཡའི་རྒྱལ་པོར་གནང་བའི་ཕྱག་རྟགས་ཁག་ཅིག་ཀྱང་ཡོད་པ་རེད།
དེ་ནས་ཕྱི་ཚེས་༡༥ཉིན་St. Petersburg ནང་གི་སྤྱི་དམངས་དཔེ་མཛོད་ཁང་
གིས་གདན་ཞུས་ཀྱིས་དཔེ་མཛོད་ཁང་དེའི་འགན་འཛིན་Z.V.Chapova དང་དཔེ་མཛོད་ཀྱི་ལས་བྱེད་པ་ཚོས་མ་འོངས་དཔེ་མཛོད་ཁང་དེའི་ནང་དབུས་ཤར་ཨེ་ཤི་ཡའི་
རིག་གཞུང་ཚན་པ་ཞིག་གསར་འཛུགས་གནང་རྒྱུའི་སྐོར་གྲོས་མོལ་དང་། བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔེ་དེབ་མང་ཙམ་ཉར་ཕྱོགས་སྐོར་ལ་ཡང་བཀའ་མོལ་གནང་འདུག
དེ་བཞིན་St. Petersburg གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་ཚན་པ་དང་སོག་པོ་དང་བོད་རིག་པའི་ཞིབ་འཇུག་སྡེ་ཚན་གྱིས་གདན་ཞུ་གནང་བ་ལྟར། ཏེ་ལོ་རིན་པོ་ཆེ་མཆོག་གིས་སློབ་དཔོན་ཆེན་མོ་Pavel Grakovskii དང་། སོག་པོ་དང་བོད་རིག་པའི་ཞིབ་འཇུགས་པ་Badma Narmaev, Vladimir Uspenski, Maria Petrovna བཅས་དང་མཇལ་འཕྲད་བཀའ་མོལ་གནང་ཡོད་པ་དང་། རྗེས་སུ་གོང་ཞུས་གཙུག་ལག་སློབ་གྲྭ་དེའི་སློབ་ཕྲུག་ཚོ་ནང་ཆོས་དང་བོད་པའི་སྐད་ཡིག་སྦྱང་འདོད་ཡོད་མཁན་ཚོར་རྒྱ་གར་ནང་གི་བོད་པའི་ནང་ཆོས་སློབ་གཉེར་ལྟེ་གནས་ཁང་ཁག་དུ་སློབ་སྦྱོང་གི་གོ་སྐབས་གནང་རྒྱུའི་ཁས་ལེན་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎