རྡོ་རྗེ་གདན་དུ་ཆོས་ཞུ་བར་་སྨན་བཅོས་མཐུན་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་རྣམས་ལ་སྨན་བཅོས་མཐུན་འགྱུར་རྒྱ་ཆེ་གནང་རྒྱུ།
2011-12-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་རྣམས་ལ་སྤྱི་ཚོགས་ཞབས་ཞུའི་སྨན་བཅོས་མཐུན་འགྱུར་རྒྱ་ཆེ་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ དེ་རིང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན་ལྟར་ན་ གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གིས་ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པ་ སྩལ་གནང་མཛད་རྒྱུའི་དུས་སྐབས་དང་བསྟུན་ཏེ་ འཛམ་གླིང་གི་ས་ཕྱོགས་གང་ས་ནས་དད་ལྡན་ཆོས་ཞུ་བ་
ཁྲི་ཚོ་མང་པོས་ཆོས་ཞུ་བར་་བཅར་་དང་ བཅར་བཞིན་པར་བརྟེན་ དབུས་བོད་མིའི་
སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ ཕ་ཟུར་དབང་ཕྱུག་ལགས་ཀྱིས་གཙོས་ དབུས་དང་ ས་གནས་གཉིས་ནས་ཆེད་ལས་སྨན་པ་དང་ སྨན་ཞབས་པ་སོགས་ཁྱོན་
ལས་བྱེད་མི་གྲངས་ ༢༧ མཉམ་ཞུགས་ཀྱིས་ཧིན་སྒོར་འབུམ་ ༧ ཙམ་གྱི་སྨན་དང་།
སྨན་བཅོས་མཐུན་རྐྱེན་སྦྱར་ཏེ་ སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུའི་ལས་འཆར་རྒྱ་ཆེ་ཞིག་བསྒྲུབ་རྒྱུ་མ་ཟད། དབུས་སྨན་རྩིས་ཁང་ནས་ རྡོ་རྗེ་གདན་དུ་ཆེད་འཛུགས་སྨན་ཁང་གསུམ་དང་། ནད་པ་བསྟེན་གཏུགས་ཆེད་རྒྱུན་ལྡན་སྨན་པ་ ༦ དང། སྨན་སྤྲོད་པ་ ༧ ལས་བྱེད་ ༥ བཅས་ཁྱོན་ལས་བྱེད་མི་གྲངས་ ༡༨ མཉམ་ཞུགས་ཀྱིས་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུའི་ལས་འཆར་རྒྱ་ཆེ་གནང་འཆར་ཡོད་འདུག་པ་བཅས།།

མཆན། (0)
Share
དྲ་གནས་ཆ་ཚང༌།