བྱང་ཐང་རང་བྱུང་སྲུང་སྐྱོབ་ཀྱི་ས་ཁུལ་བརྒྱུད་འགྲོ་བསྐྱོད་བྱ་རྒྱུ་བཀག་སྡོམ།


2017.05.06
བྱང་ཐང་རང་བྱུང་སྲུང་སྐྱོབ་ཀྱི་ས་ཁུལ་བརྒྱུད་འགྲོ་བསྐྱོད་བྱ་རྒྱུ་བཀག་སྡོམ། བོད་བྱང་ཐང་།
ཨེ་ཨེཕ་པི།

༄༅། །དེ་རིང་ཕྱི་ཚེས་༦ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་།  བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་བྱང་ཐང་གི་རང་བྱུང་སྲུང་སྐྱོབ་ས་གནས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་རང་འབྱུང་སྲུང་སྐྱོབ་ཀྱི་ས་ཁུལ་དུ་གཏན་འབེབས་བྱས་པའི་ས་ཁོངས་བརྒྱུད་ནས་མི་འགྲོ་བསྐྱོད་བྱ་རྒྱུ་བཀག་སྡོམ་བྱ་རྒྱུ་དང་།  བཀག་སྡོམ་ལས་བརྒལ་ནས་འགྲོ་འོང་བྱས་ཚེ་ཁྲིམས་འགལ་ཡིན་ལུགས་ཕྱིར་བསྒྲགས་བྱས་ཡོད་པའི་སྐོར་བཀོད་འདུག་ཅིང་།   བྱང་ཐང་རྒྱལ་ཡོངས་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཅེས་པའི་ཁོངས་སུ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཁོངས་སུ་དབྱེ་བའི་ནག་ཆུ་ཁུལ་གྱི་ས་གནས་ཁག་དྲུག་ཡོད་པ་དང་།  ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་འབུམ་གསུམ་ལྷག་ཙམ་ཡོད་ཅིང་།   རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ལྔ་སྟོང་ཙམ་ཡོད་པ་དང་།  དེ་ནི་རྒྱ་ནག་རྒྱལ་ཡོངས་ནས་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་བྱ་ཡུལ་རྒྱ་ཆེ་ཤོས་དང་ས་མཐོ་ཤོས་ཆགས་ཀྱི་ཡོད་པ་རེད།  དེའི་ནང་རི་དྭགས་སེམས་ཅན་འཕོན་ཆེ་འཚོ་གནས་ཐུབ་ཀྱི་ཡོད་ལུགས་བཀོད་འདུག    བོད་རང་སྐྱོང་ལྗོངས་ཀྱིས་༢༠༡༥ལོ་ནས་བཟུང་མ་དངུལ་ཨ་སྒོར་ས་ཡ་༤༣ཙམ་གྱི་འགྲོ་གྲོན་བཏང་ནས་རང་འབྱུང་སྲུང་སྐྱོབ་ཀྱི་ས་ཁོངས་ནང་དོ་དམ་ས་ཚུགས་ཁག་༧༣ཙམ་བཙུགས་ནས། རང་འབྱུང་ས་ཁུལ་དེ་སྲུང་སྐྱོབ་ཆེད་ས་གནས་ནས་ཞིང་འབྲོག་མི་མང་མི་གྲངས་༧༨༠ཙམ་བསླས་ནས་བསྐོར་བསྐྱོད་ཀྱི་ལས་དོན་སྤེལ་བཅུག་བཞིན་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཐོག་གནས་ཚུལ་བཀོད་སྤེལ་བྱས་འདུག།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎