ཡང་སྟེང་རིན་པོ་ཆེ་ཡིས་ཁེ་ཎ་ཌར་བོད་མི་ཚོར་རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་གནང་འདུག

2023.06.05
ཡང་སྟེང་རིན་པོ་ཆེ་ཡིས་ཁེ་ཎ་ཌར་བོད་མི་ཚོར་རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་གནང་འདུག ཡང་སྟེང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། ༠༦།༠༤།༢༠༢༣
TCCC

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་དེང་སྐབས་ཁེ་ཎ་ཌའི་ནང་ཕེབས་ཡོད་པ་དང་། ས་ག་ཟླ་བའི་ཚེས་༡༥ཉིན་ཡང་སྟེང་རིན་པོ་ཆེ་ཡིས་ཁེ་ཎ་ཌའི་གངས་ལྗོངས་ཆོས་ལྡན་གླིང་དུ་བོད་མི་ཚོར་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་སྐོར་ལ་འགྲེལ་བཤད་གནང་བ་དང་དྲི་བར་བཀའ་ལན་གནང་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་ཡང་སྟེང་རིན་པོ་ཆེ་ལ་བཅར་འདྲི་ཞུས་སྐབས། ཡང་སྟེང་རིན་པོ་ཆེ་ཡིས། བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་མཐར་ཕྱིན་པ་གནང་ཐོག ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་དགོངས་གཞིར་ཞབས་འདེགས་དང་ལག་ལེན་གནང་ཐུབ་པ་བྱུང་ན། བོད་སྤྱིའི་རྩ་དོན་ལ་ཕན་ཐོགས་ཡོད་པ་ཡིན་དུས། བོད་མི་ཚོར་དུས་ནས་དུས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་གོ་རྟོགས་དང་སློབ་སྦྱོང་ཡག་པོ་གནང་ཐུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་བྱུང་།

Yangting rinpochoe (2).jpg
སྐབས་དེར་ཡང་སྟེང་རིན་པོ་ཆེ་ཡིས། སྟོན་པའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ཡོང་ཐབས། བོད་པའི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་རིག་གཞུང་ཉམས་པ་སླར་གསོ་ཡོང་ཐབས་བཅས་རྒྱལ་བའི་དགོངས་གཞི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་འབྲེལ་བོད་མིའི་ལས་འགན་དང་གལ་གནད་སོགས་གསུངས་ཡོད་པ་རེད།
ད་རེས་ཡང་སྟེང་རིན་པོ་ཆེ་བོད་མིའི་སྤྱི་ཁང་གངས་ལྗོངས་ཆོས་ལྡན་གླིང་དུ་ས་གནས་ཚོགས་གཙོ་དང་རྒྱུས་ལས་རྣམས་ཀྱིས་གདན་ཞུ་གནང་བ་ཞིག་ཡིན་པ་དང་། ཁེ་ན་ཌའི་ནང་དུ་བོད་པའི་མི་རབས་རྒན་གཞོན་བརྗེ་འགྲོ་བཞིན་ཡོད་དུས་གཞོན་སྐྱེས་ཚོར་རྒྱལ་བའི་དགོངས་གཞི་ཁག་ལ་མཁྱེན་རྟོགས་གཏིང་ཟབ་ཡོང་སླད་དུ་དམིགས་ནས་གོ་སྒྲིག་གནང་བ་ཆོས་རིག་འགན་འཛིན་དགེ་བཤེས་བྱམས་པ་ཚེ་རིང་ལགས་ཀྱིས་གསུངས་བྱུང་།
འདི་ཚེས་༡༧ཉིན་ཡང་སྟེང་རིན་པོ་ཆེ་ཡིས་ཀྲོ་རོན་ཀྲོ་ས་གནས་བོད་མི་རྣམས་ལ་ཆོས་འབྲེལ་བསྩལ་གཏན་འཁེལ་འདུག


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎