ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱིས་བོད་དོན་ཞི་བའི་གོམ་བགྲོད་པ་གཉིས་ལ་རྒྱབ་སྐྱོར་མཇལ་འཕྲད་གནང་།

2022.06.22
Share on WhatsApp
Share on WhatsApp
ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱིས་བོད་དོན་ཞི་བའི་གོམ་བགྲོད་པ་གཉིས་ལ་རྒྱབ་སྐྱོར་མཇལ་འཕྲད་གནང་། ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱིས་བོད་དོན་ཞི་བའི་གོམ་བགྲོད་པ་གཉིས་ལ་རྒྱབ་སྐྱོར་མཇལ་འཕྲད་གནང་སྐབས། ༠༦།༢༡།༢༠༢༢
@sangyal kyab/FB

ཁེ་ཎ་ཌའི་ནང་གནས་བཞུགས་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་དང་ཨ་རིའི་མེ་ནེ་སོ་ཌར་གནས་བཞུགས་བོད་དོན་ལས་འགུལ་བ་རབ་དགའ་ལགས་གཉིས་ཀྱིས་ཉིན་གྲངས་བཅུ་ལྷག་རིང་། ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་རུ་ཡོད་པའི་རྒྱ་ནག་གཞུང་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་མདུན་ནས་རྒྱལ་ས་ཨོ་ཏྲ་ཝ་བར་ཞི་བའི་གོམ་བགྲོད་གནང་ནས། འདི་ཟླའི་ཚེས་༢༠ཉིན་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་ཁུལ་དུ་བདེ་འབྱོར་བྱུང་ཡོད་པ་བསྟུན་ཚེས་༢༡ཉིན་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝའི་གྲོས་ཚོགས་མདུན། དབུས་གྲོས་ཚོགས་ཀྱི་གུ་ཡང་ཚོགས་པའི་འཐུས་མི་དང་དབུས་གྲོས་ཚོགས་ཀྱིས་བོད་ཀྱི་གྲོགས་པོ་ཚོགས་པའི་གཙོ་འཛིན་སྐུ་ཞབས་(Arif Virani)་ལགས་དང་། མཁྲེགས་འཛིན་ཚོགས་པའི་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Garnett Genius)་ལགས། དེ་བཞིན་ལྗང་ཁུ་ཚོགས་པའི་དབུས་གྲོས་ཚོགས་འཐུས་མི་ལྕམ་(Elizabeth May)་བཅས་འཐུས་མི་གསུམ་གྱིས་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་གཉིས་ལ་མཇལ་འཕྲད་གནང་ནས་རྒྱབ་སྐྱོར་གཏམ་བཤད་གནང་བ་དང་། གོམ་བགྲོད་ལས་འགུལ་བ་གཉིས་ཀྱི་ངོས་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་། དེ་ལ་བསྟུན་པའི་ཁོང་གཉིས་ཀྱི་དགོས་འདུན་དོན་ཚན་ལྔ་འགྲུབ་ཐབས་ལ་རྒྱབ་སྐྱོར་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་རེ་སྐུལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་ངོ་སྤྲོད་གནང་བྱུང་།

289959105_335429985426515_8820789330710844849_n.jpg
སྐབས་དེར་དབུས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས། བོད་དོན་ཞི་བའི་ལས་འགུལ་བ་གཉིས་ལ་རྒྱབ་སྐྱོར་བསྔགས་བརྗོད་དང་། བོད་དོན་ཆེད་ཁེ་ཎ་ཌའི་ནང་ཞི་བའི་གོམ་བགྲོད་གནང་ནས་རྒྱ་ནག་གི་སྟངས་འཛིན་འོག་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་ངོ་སྤྲོད་གནང་བཞིན་པ་ལྟར། ཁོང་ཚོའི་ངོས་ནས་གྲོས་ཚོགས་ནང་གཅིག་མཚུངས་ཀྱིས་བོད་དོན་གོ་རྟོགས་སྤེལ་ནས་བོད་དོན་རྒྱབ་སྐྱོང་གནང་རྒྱུ་ཡིན་པ་སོགས་གཏམ་བཤད་གནང་འདུག
འདི་ཚེས་༢༣ཉིན་བོད་དོན་ཞི་བའི་གོམ་བགྲོད་པ་གཉིས་ཀྱིས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་ཁུལ་གྱི་ས་གནས་བོད་མི་དང་མཉམ་དུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྗེས་རིམ་པས་ཨོ་ཏྲ་ཝ་ནས་ཕྱིར་ཀྲོ་རོན་ཀྲོ་བར་དུ་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་འདུག289632717_335430092093171_2516984648851263995_n.jpg

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།