རྒྱ་ནག་གཞུང་གིས་བོད་དེ་མི་སེར་སྤེལ་ཡུལ་ཞིག་བཟོས་ཡོད།


2019.03.27
ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ
པར་ཚགས།

རྒྱ་ནག་གཞུང་གིས་བོད་འདི་རང་དབང་ཅན་གྱི་རྒྱལ་ཁབ་གཅིག་ནས་མི་སེར་སྤེལ་ཡུལ་གྱི་ས་ཁུལ་གཅིག་ཏུ་བསྒྱུར་ཡོད་ཅེས་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་མགྲིན་ཚབ་པས་གསུངས་འདུག
རྒྱ་ནག་གཞུང་གིས་བོད་ལ་དམངས་གཙོའུ་བཅོས་བསྒྱུར་ཟེར་བ་བཏང་ཡོད་ལུགས་བརྗོད་པ་དེ་བདེན་པ་མིན་པ་དང་། ད་བར་བོད་མི་ས་ཡ་གཅིག་ལྷག་ཙམ་ཞིག་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དེ་ག་དུས་ཡིན་ནས་རྒྱ་རིགས་ཡིན་པ་ལས་ད་བར་བོད་རིགས་བྱུང་མེད་པ་རེད་ཅེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོར་ལན་འདེབས་གནང་ཡོད།
རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་ནས་མི་ལོ་༦༠ རིང་བོད་ནང་དམངས་གཙོ་བཅོས་བསྒྱུར་བཏང་སྟེ་ཡར་རྒྱས་ཤུགས་ཆེན་བཏང་ཡོད་ལུགས་སོགས་ཀྱི་སྐོར་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་རྒྱབ་ཤོག་དཀར་པོ་ཟེར་བའི་ཡིག་ཆ་ཞིག་བཏོན་འདུག་པ་མ་ཟད། བོད་མི་ཚོའི་ཆོས་དད་རང་དབང་སྲུང་སྐྱོབ་དང་། མི་རིགས་འདྲ་མཉམ་གོང་སྤེལ་བཏང་ཡོད་ལུགས་སོགས་ཕྱི་ཟླ་གསུམ་པའི་སྤྱི་ཚེས་༢༧ ཉིན་རྒྱ་གནང་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་དྲ་ཚིགས་ཐོག་གནས་ཚུལ་སྤེལ་འདུག
ཡང་སྤྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་བྱུས་འོག་དཀའ་སྡུག་དངོས་སུ་མྱོང་ཡོད་པའི་རྒན་རབས་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་ཟེར་བ་བཏང་ཡོད་ཞེས་པ་དེ་བདེན་པ་མིན་པ་དང་། བོད་བཙན་འཛུལ་མ་བྱས་གོང་ནས་བོད་མི་ཚོར་ཆོས་དད་རང་ཡོད་བཞིན་དུ་རྒྱ་ནག་གཞུང་གིས་དེ་མེད་པ་བཟོས་པ་རེད་ཅེས་འགྲེལ་བརྗོད་གནང་ཞིང་། ཡང་དགུང་ལོ་༨༣ཡིན་པའི་རྒན་རབས་བློ་བཟང་ཟླ་བ་ལགས་ཀྱིས། ལོ་ངོ་༦༠ རིང་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཀྱི་དགོན་སྡེ་ཁག་མང་ཆེ་བ་གཏོར་སྐྱོན་ཚད་མེད་བཏང་ཡོད་པ་མ་ཟད། རྒྱ་མི་བོད་ལ་སླེབས་ནས་བཟུང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོས་པ་སོགས་ཀྱི་གནས་སྟངས་ལ་མི་བཟོད་པར་ཁོང་ཕྱི་ལོ་༡༩༥༩ལོར་བོད་ནས་བྲོལ་བྱོལ་དུ་ཕེབས་པ་ངོ་སྤྲོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎