འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རང་དབང་སླར་གསོ་བྱེད་དགོས་ཟེར།


2019.08.20
རྒྱ་གར་གྱི་(Madhya Pradesh)་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Shivraj Singh Chouhan)་ལགས་ཀྱིས་རྡ་རམ་སཱ་ལར་འཚམས་གཟིགས། ༢༠༡༩།༨།༢༠ རྒྱ་གར་གྱི་(Madhya Pradesh)་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Shivraj Singh Chouhan)་ལགས་ཀྱིས་རྡ་རམ་སཱ་ལར་འཚམས་གཟིགས། ༢༠༡༩།༨།༢༠
CTA

འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རང་དབང་རང་བཙན་སླར་གསོ་དགོས་པ་རྒྱ་གར་གྱི་(Madhya Pradesh)་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Shivraj Singh Chouhan)་ལགས་ཀྱིས་རྡ་རམ་སཱ་ལ་ནས་གསུངས་འདུག
ཟླ་བ་འདིའི་སྤྱི་ཚེས་༢༠་ཉིན། རྒྱ་གར་དབུས་སུ་ཆགས་པའི་(Madhya Pradesh)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། ད་ལྟ་མངའ་སྡེ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Shivraj Singh Chouhan)་ལགས་དང་། ཧི་མ་ཅལ་མངའ་སྡེའི་(Kangra)་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Kishan Kapoor)་ ལགས་རྣམ་གཉིས་གཙོས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གྱིས། བོད་མིའི་སྒྲིག་འཛུགས་ལ་འཚམས་གཟིགས་གནང་ནས་སྲིད་སྐྱོང་དབུས་པའི་བཀག་ཤག་ལྷན་རྒྱས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་སོགས་དང་མཇལ་འཕྲད་གནང་ཡོད་པའི་ཁར། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ཡང་གནང་འདུག་ཅིང་། སྐབས་དེར་སྐུ་ཞབས་(Shivraj Singh)་ལགས་ཀྱིས། བོད་ནི་འཛམ་གླིང་ནང་ལ་ཞི་བདེ་ཁྱབ་སྤེལ་གཏོང་མཁན་གྱི་རྒྱལ་ཁབ་ཤིག་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་འདི་ནི་ཚུལ་མཐུན་ཞིག་མ་རེད། འོན་ཀྱང་། ང་ཚོས་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རང་དབང་རང་བཙན་སླར་གསོ་བྱེད་དགོས་པ་རེད་ཞེས་གསུངས་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་ཞབས་(Shivraj Singh)་ལགས་རྣམ་གཉིས་བོད་ཀྱི་གནད་དོན་ཐད་བཀའ་བསྡུར་གནང་ཡོད་པའི་ཁར། སྲིད་སྐྱོང་མཆོག་ནས་འཕགས་བོད་གཉིས་ཀྱིས་བར་དམིགས་བསལ་གྱིས་འབྲེལ་བའི་སྐོར་ངོ་སྤྲོད་གནང་འདུག་ཅིང་། སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་(Shivraj Singh)་ལགས་ནས། བཞུགས་སྒར་རྡ་རམ་ས་ལ་ནི་ཞི་བདེའི་དང་བྱམས་བརྩེའིོ་ལྟེ་གནས་ལྟ་བུ་ཡིན་ཞིང་། ལྷག་པར་དུ་ས་ཆ་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཡིན་པར་བརྟེན། ད་རེས་ངོས་རང་འདིའི་ཁུལ་དུ་འབྱོར་བར་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་ཡོད་པའི་ཁར། འཕགས་བོད་གཉིས་ནི་བུ་སྤུན་གཅིག་ལྟ་བུ་ཡིན་པ་ཁོང་གི་གསུངས་ཡོད་པ་རེད།
གཞི་རྩའི་ཆ་ནས་སྐུ་ཞབས་(Shivraj Singh Chouhan)་ལགས་ནི་ད་རེས་རྡ་རམ་ས་ལར་ཁུལ་དུ་ཆེད་བཅར་ཞུས་དགོས་དོན་གཙོ་བོ་ནི་(BJP)་གཞུང་འཛིན་ཚོགས་པའི་དྲིལ་བསྒྲགས་དང་ལས་འགུལ་སོགས་ཀྱི་ཆེད་དུ་ཡོང་བ་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎