བོད་ཀྱི་དཀའ་ངལ་དེ་ནི་རྒྱ་གར་གྱི་དཀའ་ངལ་ཞིག་ཀྱང་ཡིན།


2014.09.18
རྒྱ་གར་མུམ་བྷེའི་གྲོང་ཁྱེར་ནང་གསར་འགོད་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་བཞིན་པ། ༢༠༡༨།༩།༡༨ རྒྱ་གར་མུམ་བྷེའི་གྲོང་ཁྱེར་ནང་གསར་འགོད་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་བཞིན་པ། ༢༠༡༨།༩།༡༨
སྐུ་སྒེར་དྲ་བ

རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཀྱི་རྩོད་རྙོག་ཡོད་པ་དེ་དག་སེལ་ཐབས་ངེས་པར་དུ་བྱེད་དགོས་བ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་དེ་རིང་ཚེས༡༨ཉིན་རྒྱ་གར་མུམ་བྷེའི་གྲོང་ཁྱེར་ནང་གསར་འགོད་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས། བོད་ཀྱི་དཀའ་ངལ་དེ་རྒྱ་གར་གྱི་དཀའ་ངལ་ཡིན་པ་དང་། རྒྱ་དཀར་ནག་གཉིས་དབར་ཡུན་རིང་ནས་ས་མཚམས་ཀྱི་རྩོད་རྙོག་ཡོད་པ་དེ་དག་སེལ་ཐབས་ངེས་པར་དུ་བྱེད་དགོས། འོན་ཀྱང་ཐབས་ལམ་དེ་འཚེ་བའི་ལམ་ལ་མ་བརྟེན་པར་ཞི་བའི་ཐབས་ལམ་ཐོག་ནས་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་ལུགས་བཀའ་ལན་གནང་འདུག དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༥༠གོང་ལ་རྒྱ་གར་བྱང་ཕྱོགས་ས་མཚམས་སུ་དམག་མི་གཅིག་ཀྱང་མེད་ཀྱང་ཞི་བདེ་ལྷིང་འཇགས་ཡོད་པ་དང་། སྔ་ཕྱི་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་པ་ཆགས་ཡོད་སྟབས་ཞི་བའི་སྒོ་ནས་རྩོད་རྙོག་སེལ་ཐབས་གནང་དགོས་ཞེས་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ནི་རྒྱ་ནག་གི་སྲིད་འཛིན་གཞན་དང་བསྡུར་བ་ཡིན་ན་ཕྲན་བུ་བསམ་བློ་གུ་ཡངས་ཡོད་པའི་འགོ་ཁྲིད་གཅིག་ཡིན་པར་བརྟེན་ཐེངས་འདིར་རྒྱ་གར་ནང་གཟིགས་སྐོར་གནང་སྐབས་རྒྱ་གར་ནས་བློ་སྐྱེས་ལེན་ཐུབ་པའི་ཡིད་ཆེས་ཡོད་ལ་ལྷག་པར་དུ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་འདི་ཕན་ཚུན་གཅིག་གི་གཅིག་ལ་ཡིད་ཆེས་བྱས་ནས་འབྲེལ་ལམ་གྱི་རྨང་གཞི་སྲ་བརྟན་ཞིག་འཛུགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་གསར་འགོད་པར་བཀའ་ལན་གནང་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་གནང་མུས་ལ་དེ་རིང་རྒྱལ་ས་ལྡི་ལིར་སློབ་ཕྲུག་༢༠ཙམ་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་ཀྱི་དཀའ་རྙོགས་སེལ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎