ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གྲོས་ཚོགས་ཀྱི་ཉན་ཞིབ་ལ་བཅར་ཏེ་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱ་སྤྱོད་ཐེར་འདོན་གནང་འདུག

2023.09.14
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གྲོས་ཚོགས་ཀྱི་ཉན་ཞིབ་ལ་བཅར་ཏེ་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱ་སྤྱོད་ཐེར་འདོན་གནང་འདུག ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གྲོས་ཚོགས་ཀྱི་ཉན་ཞིབ་ལ་བཅར་ཏེ་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱ་སྤྱོད་ཐེར་འདོན་གནང་སྐབས། ༠༩།༡༢།༢༠༢༣
CECC

དེ་ཡང་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཕྱི་ཟླ་དགུ་པའི་ཚེས་༡༢རེས་གཟའ་མིག་དམར་ཉིན། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་གི་ཉན་ཞིབ་ཐོག་ལ་བཅར་ཏེ། རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་རྩོད་ལེན་བྱེད་མཁན་གྱི་ཐོག་ལ་དྲག་གནོན་བྱེད་པའི་བྱ་སྤྱོད་སྙན་སེང་ཞུས་འདུག་ལ། ཁོང་མོས་སྐབས་དེར། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྒྱལ་མཚམས་བརྒལ་ནས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་དོན་གཉེར་བའི་ཐོག་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ཐད་ཁྱེད་རྣམས་དང་ལྷན་དུ་གལ་ཆེའི་གྲོས་བསྡུར་བྱེད་ཆེད་བཅར་བ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས། རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པ་དེ་ནི། བོད་མི་དང་། ཡུ་གུར་མི་རིགས། དེ་མིན་གྱི་གྲངས་ཉུང་མི་རིགས་གཞན། བྱེ་བྲག་ཏུ་ཆོས་དད་པ་དང་། དེ་བཞིན་ཧོང་ཀོང་བ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་དང་། ཕྱི་རྒྱལ་དུ་གནས་སྡོད་བྱེད་མཁན་རྒྱ་ནག་གི་མི་སེར་མ་ཡིན་པ་བཅས་མི་གང་གིས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་རྩོད་ལེན་བྱེད་པ་ཙམ་གྱིས་འཇིགས་སྐུལ་དང་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར་གསུངས་འདུག

zeya1.JPG
ཁོང་མོས་ད་དུང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་ལ་དོན་ཚན་ལྔ་སྙན་སེང་ཞུས་པ་ལྟར། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ཐད་ང་ཚོས་མཉམ་ལས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཁ་གཏད་གདོང་ལེན་བྱ་གལ་ཆེ་བ་དང་། རྒྱ་ནག་གི་དྲག་གནོན་འོག་ཏུ་མྱངས་པའི་མི་ཚོའི་ལོ་རྒྱུས་ཉན་ཞིབ་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ། ཨ་མི་རི་ཀའི་གཞུང་ཕྱོགས་ནས། གནད་དོན་དེའི་ཐད་ལ་གྲོས་ཚོགས་ཀྱིས་སྣེ་ཁྲིད་ཀྱི་ཕྱག་ལས་ཁག་ལ་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག ཨ་མི་རི་ཀ་གཞུང་དང་གྲོས་ཚོགས་གཉིས་ཀྱིས་གནད་དོན་དེའི་ཐོག་ལ་མཉམ་ལས་སྔར་ལྷག་གཏིང་ཟབ་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎