བོད་སྨན་བསྟེན་གཏུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ།


2017.05.14
བོད་སྨན་བསྟེན་གཏུགས་པ་ཇེ་མང་དུ་འགྲོ་བཞིན་པ། རྫས་རིགས་སོགས་མེད་པའི་བོད་སྨན་བསྟེན་གཏུགས་ཆེད་རྡ་སར་ནད་པ་མང་པོ་ཡོང་བཞིན་ཡོད་པ།
ཀར་ལ་རོ་ས་ལི།

༄༅༎བོད་ཀྱི་གསོ་བ་རིག་པའི་སྨན་པ་ཚོས་སྨན་གཞུང་ལམ་ནས་སྨན་ཙམ་མིན་པར་སྨན་རྫས་དང་། མེ་རྩ་ ཕོར་པ། དེ་བཞིན་ལུས་ཀྱི་ཁྲག་རྩ་ནས་ངན་ཁྲག་འབྱུང་བའི་ལམ་ནས་བཅོས་ཐབས་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྫས་རིགས་སོགས་མེད་པའི་བོད་སྨན་བསྟེན་གཏུགས་ཆེད་རྒྱ་གར་རྡ་རམ་ས་ལའི་མེག་ལོར་གྷན་ཇི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨེམ་རྗེ་ཡེ་ཤེས་དོན་ལྡན་ལགས་ཀྱི་སྨན་ཁང་དུ་ཞོག་པ་སྔ་པོ་ནས་ནད་པ་རུ་སྒྲིག་ནས་ཡོང་ཀྱི་ཡོད་ལུགས་དེ་རིང་ཕ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག  སྨན་པ་ཡེ་ཤེས་དོན་ལྡན་ལགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་སྨན་ཟུར་པ་ཞིག་ཡིན་པ་དང་། ཁོང་གིས་མི་ལོ་བཅུ་ཕྲག་གསུམ་ཙམ་རིང་སྐུའི་བླ་སྨན་གྱི་ཞབས་ཞུ་གནང་ཡོད་པ་རེད། ད་ཆ་འཛམ་གླིང་གི་ས་ཕྱོགས་མང་པོ་ནས་རྒལ་པ་ན་མཁན་ནས་འབྲད་ནད་ན་མཁན་བར་མང་པོ་ཞིག་ཁོང་གི་སར་སྨན་བཅོས་བྱེད་དུ་ཡོང་གི་ཡོད་འདུག
སྨན་པ་ཡེ་ཤེས་དོན་ལྡན་ལགས་ཀྱིས་ཁོང་རང་མི་བདེ་བ་བྱུང་བའི་སྐབས་གློིག་དཔར་རྒྱབ་ཏུ་ཕེབས་ཀྱི་མེད་པ་དང་། ཁོང་སོ་སོར་ཡིད་ཆེས་གནང་སྟེ་རྩ་གཟིགས་པ་དང་། ཆབ་རྟགས་གནང་གི་ཡོད་ལུགས་ཕ་རན་སི་གསར་འགྱུར་ལས་ཁང་ལ་གསུངས་བཞག  དེ་བཞིན་ཁོང་གིས་ནད་པ་ཁོང་གི་སར་ཡོང་སྐབས་སྨན་བཅོས་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎