བོད་ནས་གསར་འབྱོར་བ་༡༣༠༠་ཙམ་གྱིས་ས་ཁང་ཐོབ་རེ་ཆེད་ཐོ་འགོད་བྱས་འདུག


2019.03.28
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་ཚུགས་སྐབས། ༢༠༡༩།༣།༡༩ སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་ཚུགས་སྐབས། ༢༠༡༩།༣།༡༩
RFA

ད་ལོའི་དངུལ་རྩིས་ནང་ཧིན་སྒོར་ས་ཡ་༥༠དམིགས་བསལ་བོད་ནས་གསར་དུ་འབྱོར་མཁན་ཚོའི་ཆེད་དུ་བཞག་ཡོད་ཅེས་ནང་སྲིད་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་གསུངས་འདུག
དེ་ཡང་བོད་མའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ནང་སྲིད་ལས་ཁུངས་ལ་ད་ལྟ་ཐོ་རྒྱབ་བཞག་པའི་གསར་འབྱོར་དུད་ཚང་༡༣༠༠ ལྷག་ཙམ་ཡོད་འདུག་པ་དང་། དེའི་ནང་རྒྱ་གར་བྱང་ཕྱོགས་རྡེ་རྭ་རྡུན་ཁུལ་དུ་དུད་ཚང་༡༥༠ ཙམ་དང་། རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་༡༤༠ ཙམ། དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་གཙོས་པའི་མཚོ་པདྨ་ཁུལ་དུ་དུད་ཚང་༩༠༠ཙམ་ཡོད་པ་ཚང་མ་ལ་སྡོད་གནས་དང་ས་ཞིང་ཐོབ་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་ནང་སྲིད་བཀའ་བློན་མཆོག་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་ཤིག་གི་དྲི་བའི་ལན་འདེབས་སུ་གསུངས་ཡོད་པ་རེད།
ཕྱི་ཟླ་ ༣ ཚེས་ ༢༨ ཉིན་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ཀྱིས་ང་ཚོ་བོད་ནས་གསར་དུ་འབྱོར་བ་ཞེས་གང་ཟང་དང་པོའི་མང་ཚིགས་ཀྱི་ངོ་བོའི་ཐོག་ནས་བཙན་བྱོལ་ནང་སོ་སོའི་མགོ་འཛུལ་སའི་ཁང་པ་ཙམ་ཡང་མེད་པ་སོགས་ཀྱི་དཀའ་ངལ་ཡོད་པ་གསུངས་ཤིང་།  ནང་སྲིད་བཀའ་བློན་མཆོག་གིས་བོད་ནས་གསར་དུ་ཕེབས་མཁན་བོད་མི་སུ་འདྲ་ཞིག་ཡིན་རུང་ཚང་མ་ལ་ད་ལྟ་བར་དུ་འཐུན་འགྱུར་རོགས་རམ་གནང་དང་གནང་མུས་ཡིན་པ་གསུངས་པར་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚང་མར་གོ་སྐབས་འདྲ་མཉམ་གྱིས་འཐུས་སྦྱོར་རོགས་རམ་གནང་ཡོད་པ་དང་།  སྤྱི་འཐུས་གྲོས་ཚོགས་ནང་ང་ཚོ་གསར་འབྱོར་དང་ཁོང་ཚོའམ་གསར་འབྱོར་ཞེས་ཐ་སྙད་དེ་བེད་སྤྱོད་མ་གཏོང་གནང་མི་ཡོང་བའི་འབོད་སྐུལ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎