མདོ་ལྷོ་ལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དབུ་བརྙེས་བ།


2016.08.02
མདོ་ལྷོ་ལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དབུ་བརྙེས་སྐབས། ༢༠༡༦།༧།༣༠ མདོ་ལྷོ་ལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དབུ་བརྙེས་སྐབས། ༢༠༡༦།༧།༣༠
དྲ་བཤུས།

མདོ་ལྷོ་ཁུལ་དུ་བོད་ཀྱི་ཡིག་གཟུཊ་མཐུན་ཚོཊ་གསར་དུ་བཙུཊ་ནས་ཡིག་གཟུཊ་འགྲེམས་སྟོན་ཐེངས་དང་པོ་གནང་འདུག
དེ་ཡང་གནས་ཚུལ་ལྟར་ན། ཉེ་བའི་ཕྱི་ཟླ་བདུན་པའི་ཚེས་༣༠་ཉིན། མདོ་ལྷོ་ཁུལ་དུ་བོད་ཡིག་གི་ཡིག་གཟུགས་ཀྱི་མཐུན་ཚོགས་གསར་བཙུགས་ཀྱི་མཛད་སྒོ་སྤེལ་ཡོད་པ་དང་། དུས་མཚུངས་ཕྱི་ཟླ་༨་པའི་ཚེས་༢་བར་གྱི་ཉིན་གྲངས་གསུམ་རིང་ཁུལ་དེའི་ནང་ཡིག་གཟུགས་འགྲེམས་སྟོན་ཐེངས་དང་པོ་དེ་སྤེལ་ཡོད་པ་རེད། མདོ་ལྷོ་ཁུལ་གྱི་བོད་ཡིག་ཡིག་གཟུགས་མཐུན་ཚོགས་དེའི་མཚན་འཛིན་འགོ་ཁྲིད་དུ་༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་བསྐོ་བཞག་བྱས་ཡོད་པ་དང་། བོད་ཡིག་ཡིག་གཟུགས་མཐུན་ཚོགས་གསར་བཙུགས་ཀྱི་ཚོགས་འདུའི་མཛད་སྒོའི་ཐོག་མདོ་ལྷོ་ཁུལ་དྲིལ་བསྒྲགས་ལས་ཁང་གི་དཔོན་རིགས་བཀྲིས་མཚོ་དང་། དེ་བཞིན་རིག་རྩལ་ལྷན་ཚོགས་ཀྱི་དཔོན་རིགས་བང་ཡུན་ཅུའུ། ཀན་སུའུ་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་རྡོར་ཕྲུག་དང་། ཀན་ལྷོ་ཟླ་ཟེར་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཁག་ཅིག་སོགས་ཚོགས་བཞུགས་མི་སྣ་༧༩་ཙམ་གདན་ཞུ་བྱས་ཡོད་ཅིང་། འགྲེམས་སྟོན་ཐོག་བོད་ཀྱི་ཡིག་གཟུགས་རིགས་ཁག་༡༥་ལྷག་དང་། བརྩམས་ཆོས་གྲངས་འབོར་༧༨་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།
ཚོགས་འདུ་དེའི་ཐོག་འབྲེལ་ཡོད་སྐུ་མགྲོན་ཁག་གིས་གཏམ་བཤད་སྤེལ་བའི་ནང་། བོད་ཡིག་གི་ཡིག་གཟུགས་མཐུན་ཚོགས་གསར་བཙུགས་བྱ་དགོས་དོན་གཙོ་བོ་ནི། བོད་ཡིག་ཡིག་གཟུགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་ཡིན་པ་དང་། དམིགས་བསལ་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་རྩིས་འཁོར་འཕྲུལ་ཆས་ཐོག་ནས་ཡི་གེ་འབྲི་ཀློག་བེད་སྤྱོད་ཁོ་ནར་བརྟེན་གྱི་ཡོད་སྟབས་བོད་ནང་ལ་ཡང་དེ་ལྟར་གྱི་གནས་སྟངས་འོག་བོད་ཡིག་གི་ཡིག་གཟུགས་ལ་དོ་སྣང་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་སེལ་ཐབས་སུ་དམིགས་པ་ཞིག་ཡིན་པའི་སྐོར་སོགས་བརྗོད་ཡོད་འདུག།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎