བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་ལས་འགུལ་སྤེལ་རྒྱུ་རེད།
2017.11.30
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་དམངས་ཁྲོད་བོད་དོན་གོ་རྟོགས་ཆེད་རྒྱལ་ཡོངས་ལས་འགུལ་སྤེལ་རྒྱུ་ཡིན་འདུག
དེ་ཡང་འདི་ཚེས་༣༠་ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་གསལ་ལྟར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་ཐོུང་ནས་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ནས་བཟུང་། རྒྱ་གར་གཞུང་དམངས་གཉིས་ཀྱིས་འདས་པའི་ལོ་རྒྱུས་ནང་། བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་ཡོང་ཐབས་སོགས་བརྗོད་གཞི་གསུམ་དང་འབོད་སྐུལ་གསུམ་གྱི་ཐོག་ནས་རྒྱ་གར་རྒྱལ་ཡོངས་སུ་གོ་རྟོགས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཆེ་ཁག་༡༥༠་ནང་སྤེལ་རྒྱུ་དང་། དེ་ཡང་ས་ཁུལ་ཆེན་པོ་གསུམ་ལ་སྡེ་ཚན་གསུམ་ཆ་བགོས་ཀྱིས་རྡ་རམ་ས་ལ་དང་། ས་ལུ་གྷ་ར། ཅན་ནའི་བཅས་ནས་འགོ་འཛུགས་གནང་རྒྱུ་ཡིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།