བོད་རིགས་གཞོན་སྐྱེས་བསྟན་འཛིན་རང་གྲོལ་ལགས་ལ་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཐོབ་ཡོད་པ།

2022.02.05
Share on WhatsApp
Share on WhatsApp
བོད་རིགས་གཞོན་སྐྱེས་བསྟན་འཛིན་རང་གྲོལ་ལགས་ལ་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཐོབ་ཡོད་པ། བོད་རིགས་གཞོན་སྐྱེས་བསྟན་འཛིན་རང་གྲོལ་ལགས་ལ་འཛམ་གླིང་དུ་གྲགས་ཆེ་བའི་ILLUSTRATORSརི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཐོབ་འདུག
བསྟན་འཛིན་རང་གྲོལ།

ཨ་རིའི་མེ་རི་ལནྜ་མངའ་སྡེ་རུ་སློབ་གྲྭ་འགྲིམས་བཞིན་པའི་བོད་རིགས་གཞོན་སྐྱེས་བསྟན་འཛིན་རང་གྲོལ་ལགས་ལ་འཛམ་གླིང་དུ་གྲགས་ཆེ་བའི་ILLUSTRATORSརི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཐོབ་ནས་ཨ་རིའི་གྲགས་ཆེ་བའི་Fox གསར་འགྱུར་ལས་ཁང་གིས་བཅར་འདྲི་བྱས་ཡོད་པ་རེད།
བསྟན་འཛིན་རང་གྲོལ་ལགས་ནི་ད་ལོ་རང་ལོ་༡༨ཡིན་ལ། རྒྱ་གར་ནས་སྐྱེས་ཤིང་ཕ་མ་གཉིས་ཕ་ཡུལ་མདོ་སྨད་རེབ་ཀོང་ཧོར་སྡེ་བའི་ཡིན་ཞིང་། རྒྱ་གར་དུ་སློབ་གྲྭ་བྷི་རི་སློབ་ཆུང་དུ་ཕྱིན་རྗེས། རང་ལོ་བཞི་ལ་སླེབས་དུས་ཕ་མ་དང་མཉམ་དུ་ཨ་རིར་ཡོང་ནས་ཨ་རིའི་མེ་རི་ལནྜ་མངའ་སྡེའི་མོནྚ་གོ་མོ་རི(Montgomery)རྫོང་གི་སློབ་གྲྭ་ཆུང་འབྲིང་འགྲིམས་ཏེ། མཐོ་འབྲིང་གི་རི་མོའི་ཆེད་སྦྱོང་སློབ་གྲྭར་ཡིག་རྒྱུགས་འཕྲོད་དེ་ད་ལྟ་རི་མོའི་ཆེད་སྦྱོང་བྱེད་བཞིན་ཡོད་འདུག་ལ།
བསྟན་འཛིན་རང་གྲོལ་ལགས་ནི་ཆུང་དུས་ནས་རི་མོར་དགའ་མོས་ཆེ་མཁན་ཞིག་ཡིན་པ་དང་སློབ་ཆུང་སྐབས་སུ་སློབ་གྲྭ་ཡོངས་ཀྱི་རི་མོའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མྱོང་ལ། ཐེངས་འདིར་ཨ་རིའི་ལོསི་ཨེན་ཇ་ལིསི་རུ་རྟེན་གཞི་བྱས་པའི་འཛམ་གླིང་གི་རྟོག་བཟོ་དང་གསར་གཏོད་ཀྱི་རི་མོའི་སྒྱུ་རྩལ་འགྲན་བསྡུར་གྱི་གཟེངས་རྟགས་ཐོབ་མཁན་མི་གྲངས་༡༢ཁྲོད་ཀྱི་གཅིག་ཡིན་ལ། ལོ་ན་ཆུང་ཤོས་ཀྱང་ཡིན་འདུག
སྤྱི་ཟླ་༤བའི་ཚེས་པ་༤ཉིན་གཟེངས་རྟགས་ཀྱི་མཛད་སྒོ་དེ་འཛམ་གླིང་དུ་གྲགས་ཆེ་བའི་ཧོ་ལི་ཝུཌ(Hollywood)་ཚོགས་ཁང་དུ་འཚོག་རྒྱུ་ཡིན་ཞིང་།
གཟེངས་རྟགས་ཀྱི་མཛད་སྒོའི་ལས་རིམ་ཉིན་བདུན་ཡིན་འདུག་ལ། མཛད་སྒོ་དེར་ཁོང་དང་མཉམ་དུ་་འགྲོ་མཁན་ནང་མི་བཅུ་ལ་མགྲོན་ཁང་སོགས་ཕྱེད་བཅག་གི་མཐུན་རྐྱེན་སོགས་སྦྱོར་གྱིན་ཡོད་འདུག
ILLUSTRATORSགཟེངས་རྟགས་ཞེས་པ་དེ་ནི་འཛམ་གླིང་གི་ས་ཁུལ་གང་སར་ཡོད་པའི་རྩོམ་པ་པོ་དང་རི་མོ་བ་སོགས་རང་འདོད་ཀྱིས་མཉམ་ཞུགས་ཆོག་པའི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྟེགས་ཤིག་ཡིན་འདུག་ལ། མཉམ་ཞུགས་བྱེད་མཁན་གྱི་བརྩམས་ཆོས་དག་ལ་ཚད་དང་ལྡན་པའི་དཔྱད་བརྗོད་པ་དག་གིས་འདེམས་སྒྲིག་བྱེད་ཀྱིན་ཡོད་པའི་གཟེངས་རྟགས་ཤིག་རེད་་འདུག
གསར་འགོད་པ། ། ཀེ་ཐོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎