རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད།
2012.08.31
༄༅། །རེས་གཟའ་ལྷག་པའི་ཉིན་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་ཡི་ཡོད་པའི་རྣམ་པ་ཡོད་སྐོར་གསུངས་མ་ཐག་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་འཐབ་ཕྱོགས་གཅིག་སྒྱུར་གྱི་དཔོན་རིགས་ ཞུའུ་ ཀྲི་ཏའོ་(Xu Zhitao) ཡིས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་པ་འགྱུར་བ་ཕྱིན་ཡོད་པ་ངོས་ལེན་བྱས་མེད་པས་མ་ཟད། རྒྱ་ནག་གི་དཔོན རིགས་དང་འབྲེལ་བ་ཡོད་པའི་རྒྱ་རིགས་༧གོང་ས་མཆོག་མཇལ་བཅར་ཞུས་མེད་པ་དང་། བོད་རྒྱའི་ཞི་མོལ་གྱི་སྐད་ཆ་ཡང་ལོ་འདི་མ་རྫོགས་གོང་ཡོང་ཐབས་བྲལ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ཡང་ ཞུའུ་ཡིས་ རྒྱ་ནག་གིས་༧གོང་ས་མཆོག་ཐད་བསྟུན་མཁས་བྱེད་མུས་ཡིན་ཡང་། ༧གོང་ས་མཆོག་གིས་གཞི་རྩའི་རྩ་དོན་ཀྱི་དགོངས་གཞིར་འགྱུར་བ་མ་གནང་བར་འགྲུབ་འབྲས་ཐོན་རྒྱུ་ཁག་པོ་རེད། ༧གོང་ས་མཆོག་གམ་བཙན་བྱོལ་བོད་གཞུང་གིས་ བོད་མི་མང་གྱི་སྐུ་ཚབ་མཚོན་ཐུབ་ཀྱི་ཡོད་པ་དབུས་གཞུང་གིས་ནམ་ཡང་ངོས་ལེན་མེད་ལ། གལ་སྲིད་གྲོལ་མོལ་བྱས་པ་ཡིན་ཡང་། ༧གོང་ས་མཆོག་གིས་ཁ་བྲལ་གྱི་གསུང་བཤད་མཚམས་འཇོག་གིས་དབུས་གཞུང་ཡིད་ཆེས་འཕེར་བ་དང་། རྒྱ་ནག་མི་མང་ཡང་དགོངས་པ་དྭངས་བ་ཞིག་ཡོང་ཐབས་བྱེད་དགོས་ལུགས་བརྗོད་འདུག
༧གོང་ས་མཆོག་གིས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་སྲིད་དང་སྲུང་སྐྱོབ་ཕུད་པའི་དབང་ཆ་ཡོངས་རྫོགས་བཞེས་འདོད་ཡོད་རེད། དེ་ནི་དེ་སྡ་ཕྱི་ལོ་༡༩༥༩གོང་གི་གནས་སྟངས་དང་གཅིག་པ་རེད། བོད་རང་སྐྱོང་ལྗོངས་རྩོད་བཞིན་པ་དེ་ཡང་དོན་སྙིང་རང་བཙན་རྩོད་ཀྱི་ཡོད་རེད། དེ་རྩ་བ་ནས་ཡོང་ཐབས་མེད་པ་རེད་ཅེས་ནན་བརྗོད་བྱས་འདུག །