ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གཅིག་གི་སྲིད་ཇུས་སྤངས་ནས་ཐེ་ཝན་གྱི་མང་གཙོ་རང་དབང་ངོས་འཛིན་བྱེད་དགོས་བའི་གྲོས་འཆར་བཏོན་འདུག

2025.02.07
ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གཅིག་གི་སྲིད་ཇུས་སྤངས་ནས་ཐེ་ཝན་གྱི་མང་གཙོ་རང་དབང་ངོས་འཛིན་བྱེད་དགོས་བའི་གྲོས་འཆར་བཏོན་འདུག ཨ་རིའི་ཝི་སི་ཁོན་སིན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཐི་ཧྥི་ནེ་(Tiffany)་ལགས།
X@RepTiffany

དེ་ཡང་ཨ་རིའི་ཝི་སི་ཁོན་སིན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཐི་ཧྥི་ནེ་(Tiffany)་ལགས་དང་། པེན་སིན་ཝེ་ནི་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་(Scott Perry)་སི་ཀོཊ་ཕེ་རི་ལགས་གཉིས་ཀྱིས་བཏོན་པའི་གྲོས་འཆར་དེའི་ནང་། ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་(Donald Trump)་མཆོག་གིས་ཨ་མི་རི་ཀས་དུས་ཡུན་རིང་པོར་བཟུང་ཡོད་པའི་རྒྱ་ནག་གཅིག་གི་སྲིད་ཇུས་དེ་སྤངས་ནས། ཐེ་ཝན་དེ་རང་སྲིད་རང་སྐྱོང་ཞིག་ཡིན་པར་དངོས་སུ་ངོས་འཛིན་བྱེད་དགོས་པའི་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
དེ་ཡང་ཐི་ཧྥི་ནེ་(Tiffany)་ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐེ་ཝན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ནམ་ཡང་དབང་བསྒྱུར་བྱས་མེད་པ་རེད། ཐེ་ཝན་ནི་རང་དབང་དང་། དམངས་གཙོ་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ནི་ཨ་མི་རི་ཀས་དེ་སྔོན་ནས་ཁས་ལེན་བྱེད་དགོས་པའི་དངོས་ཡོད་གནས་ཚུལ་ཞིག་རེད། ཅེས་བརྗོད་འདུག་ལ། ད་དུང་གྲོས་འཆར་དེའི་ནང་སྲིད་འཛིན་ཊམཔ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ཁག་ནང་འཛུལ་རྒྱུར་རྒྱབ་སྐྱོར་གནང་དགོས་པ་དང་། ཨ་རི་དང་ཐེ་ཝན་གཉིས་བར་རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་གཏན་འབེབས་བྱེད་དགོས་བའི་འབོད་སྐུལ་ཞུས་ཡོད་པ་རེད།
གནས་ཚུལ་ལྟར་ན། ད་ལྟའི་ཆར་ཐེ་ཝན་སྲིད་གཞུང་ལ་ངོས་ལེན་བྱེད་མཁན་རང་བཙན་རྒྱལ་ཁབ་༡༢མ་གཏོགས་མེད་པ་དང་། ཨ་རིའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་དེ་པེ་ཅིང་གཞུང་གིས་ཉེན་ཁ་ཞིག་ཏུ་མཐོང་སྲིད་པ་རེད། ད་བར་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་ནི་མཉམ་འབྲེལ་ཐེ་གཏོགས་བྱེད་མཁན་དང་། ཨ་རི་དང་པོར་འཛིན་མཁན་ཀོ་ལོ་ར་ཌོ་ནས་ཡིན་པའི་གྲོས་ཚོགས་འཐུས་ལོ་རེན་བོ་བྷར་ཊི་(Lauren Boebert)་ལགས་དང་། ཊེན་ནེ་སི་(Tennessee)་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ཨན་ཌི་ཨོག་གྷལ་སི་(Andy Ogles)་ལགས། དེ་བཞིན་ཧྤི་ལོ་རེ་ཌ་(Florida)་མངའ་སྡེཡིན་པའི་གྲོས་ཚོགས་འཐུས་མི་ཀར་ལོ་སི་ཧི་མེ་ནེཛ་(Carlos Jimenez)་ལགས་དང་། ཁེ་ཊི་ཀར་མཀ་(Kate Carmack)་ལགས་བཅས་འཐུས་མི་༡༢ཙམ་ཡོད་པ་རེད།
ཨ་རིའི་(Fox)་གསར་འགྱུར་ལས་ཁང་གིས། ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་བཅུ་གཉིས་ལྷག་གིས་ཐེ་ཝན་དངོས་སུ་ངོས་འཛིན་བྱེད་པའི་གྲོས་ཆོད་བཏོན་པ་དེ་ནི། ད་ལྟའི་ཨ་རིའི་ལངས་ཕྱོགས་དང་འགལ་བ་དང་། རྒྱ་ནག་ཁོང་ཁྲོ་ཆེན་པོ་སློང་གཞིར་འགྱུར་སྲིད་པ་གནས་ཚུལ་སྤེལ་འདུག


གསར་འགོད་པ། ཨ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎