ཚེ་མགོན་རྒྱལ་གྱིས་ངག་བཅད་ཀྱིས་ངོ་རྒོལ་བྱས་ཡོད་པ།


2016-12-29
Share
ཚེ་མགོན་རྒྱལ་གྱིས་ངག་བཅད་ཀྱིས་ངོ་རྒོལ་བྱས་ཡོད་པ། བཙོན་ཟུར་ཚེ་མགོན་རྒྱལ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌།

༄༅། །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན།  ཟླ་འདིའི་ཚེས་༢༤ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་གྱི་ནང་མི་ལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བའི་མི་སྣ་ཁག་ཅིག་གིས་ཚེ་མགོན་རྒྱལ་དངོས་སུ་འཛིན་བཟུང་བྱས་པའི་ཡིག་ཆ་སྤྲད་ཡོད་པ་དང་ཡིག་ཆའི་ནང་དུ་ཚེ་མགོན་རྒྱལ་ལ་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཇུས་ངན་བཏིང་ཡོད་པའི་ནག་ཉེས་བཙུགས་ཡོད་འདུག ས་གནས་དེར་ཡོད་པའི་ཚེ་མགོན་རྒྱལ་གྱི་གྲོགས་པོ་ཞིག་གིས་གསུངས་པར་གཞིཊ་ན། ཚེ་མགོན་རྒྱལ་གྱིས་བཀག་ཉར་ཁང་དུ་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་འདྲི་བ་དྲིས་པའི་སྐབས་ཁོང་གིས་ལན་མ་རྒྱབ་པར་ངག་བཅད་ཀྱིས་ངོ་རྒོལ་བྱས་ཡོད་པའི་སྐོར་མཚོ་བྱང་ཁུལ་གྱི་རྒྱལ་ཁབ་བདེ་འཇཊ་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་གིས་བརྗོད་ཡོད་འདུག།  ཚེ་མགོན་རྒྱལ་ནི་ལོ་༥༣ཡིན་པ་དང་། ཕྱི་ལོ་༢༠༡༦ ལོའི་ཟླ༡༢ པའི་ཚེས་༩ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇཊ་ལས་ཁུངས་ཀྱིས་མཚོ་བྱང་ཁུལ་མདའ་བཞི་རྫོང་ནས་འཛིན་བཟུང་བྱས་ནས་ད་བར་རྐང་ཚ་རྫོང་སྤྱི་བདེ་བཀག་ཉར་ཁང་དུ་བཙོན་འཇུག་འོག་གནས་བཞིན་པ་རེད༎

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།