ཚུལ་ཁྲིམས་རྒྱ་མཚོ་ལགས་མི་ལོ་དགུའི་རྗེས་བཙོན་གྲོལ་བྱུང་འདུག


2017.04.03
བཙོན་གྲོལ་བྱུང་མ་ཐག་པའི་ཨ་མཆོག་མཚན་ཉིད་དགོན་གྱི་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས། ༢༠༡༧།༤།༡ བཙོན་གྲོལ་བྱུང་མ་ཐག་པའི་ཨ་མཆོག་མཚན་ཉིད་དགོན་གྱི་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས། ༢༠༡༧།༤།༡
བོད་འབྱོར།

ས་བྱི་ཞི་རྒོལ་དང་འབྲེལ་ནས་འཛིན་བཟུང་བྱས་བ་ཨ་མཆོག་མཚན་ཉིད་དགོན་གྱི་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་འདུག
སྤྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བྱས་བའི་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧་ལོའི་ཟླ་༤་བའི་ཚེས་༡་ཉིན་དེ་སྔ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་རྒྱ་ནག་གིས་འཛིན་བཟུང་བྱས་བའི་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་མཆོག་ཟི་ཁྲོན་མེན་ཡཱང་བཙོན་ཁང་ནས་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་ཡོད་པ་དང་། ཕ་ཡུལ་དུ་འབྱོར་སྐབས་དགོན་གྲོང་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་བྱས་འདུག         
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན་ལྟར་ན། སྤྱི་ལོ་༢༠༠༨་ལོར་བོད་ཁམས་གཞན་དང་གཅིག་མཚུངས་ཨ་མཆོག་མཚན་ཉིད་དགོན་གྱི་ཞི་རྒོལ་ལས་འགུལ་རྗེས་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལས་འགུལ་སྣེ་ཁྲིད་པ་ཡིན་ཚུལ་གྱིས་ལོ་དེར་རྒྱ་ནག་གཞུང་གིས་ཁོང་གི་གཙོར་བྱས་ཨ་མཆོག་མཚན་ཉིད་དགོན་གྱི་གྲྭ་བ་བཞི་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་མགོ་རྟིང་སློག་པའི་ལས་འགུལ་གྱི་སྣེ་ཁྲིད་པའི་མིང་འོག་ནས་ཁོང་ལ་ལོ་དགུའི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཟི་ཁྲོན་མེན་ཡཱང་བཙོན་ཁང་གི་བཙོན་ཁུལ་གསུམ་པའི་ཐོག་ཁང་ལྔ་པའི་རིམ་པ་དང་པོའི་ལྕགས་སྒོ་རིམ་བ་ལྔ་ཡི་ནང་རོལ་གྱི་ཁང་མིག་བརྒྱད་པའི་ནང་ད་བར་མི་ལོ་དགུའི་རིང་བཙོན་འཇུག་བྱས་འདུག
ཨ་མཆོག་མཚན་ཉིད་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི། ༡༩༩༦་ལོར་རྨེ་རུ་མ་སྡེ་བའི་ཨ་འབོས་རུ་ཆུང་གཉིས་པའི་དབང་འདུས་ཚང་དུ་སྐུ་འཁྲུངས། དགུང་ལོ་༡༦་སྟེང་ཨ་མཆོག་མཚན་ཉིད་དགོན་སྨྲ་སེང་གླིང་དུ་ཚོགས་ཞུགས་མཛད་འདུག།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎