མི་རབས་གསར་པ་གསོ་སྐྱོང་གི་ལས་འགན་དེ་ཨ་མ་ཚོར་ཡོད། ཟམ་གདོང་རིན་པོ་ཆེ་ཡིས།
2018.05.11
བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འགོ་འཛུགས་གནང་འདུག
བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་བཞིན་ཕྱི་ཟླ་ལྔ་པའི་ཚེས་༡༡ནས་༡༦བར་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་ནང་བསྐོངས་ཚོགས་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༡ ཉིན་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་གསུང་བཤད་གནང་ཡོད་ཅིང་། ཁོང་གིས་འགྲོ་བ་མིའི་སྤྱི་ཚོགས་འདིའི་ནང་བེུད་དང་སྐྱེས་པ་ཟུང་འབྲེལ་ཐོག་ནས་བསྐྱོད་དགོས་པ་ཞིག་ཡིན་པ་དང་། རྟེན་འབྱུང་གི་རྣམ་བཞག་ཐོག་ནས་ཀྱང་གཅིག་ལ་གཅིག་རྟེན་གྱི་རྣམ་བཞག་ཆ་ཚང་བ་ཞིག་མི་ཤེས་ཚེ་སྤྱི་ཚོགས་ཀྱི་འགན་ཁུར་ངོས་འཛིན་མ་ཐུབ་པར་དེང་དུས་ཀྱི་ཐོབ་ཐང་ཁོ་ནའི་སྐོར་ཤོད་པའི་གནས་ཚུལ་དེ་ཡོང་གི་ཡོད་པའི་སྐོར་གསུངས་ཡོད་པ་དང་། ལྷག་པར་དུ་རིན་པོ་ཆེ་མཆོག་ནས་མི་རབས་གསར་པ་གསོ་སྐྱོང་བྱེད་རྒྱུ་དང་དམིགས་བསལ་དེང་སྐབས་བོད་མི་རིགས་ཆགས་འཇིགས་ཀྱི་ཉེན་ཚབ་གནས་སྐབས་འདིར་མི་རབས་གསར་པ་གསོ་སྐྱོང་གི་ལས་འགན་དེ་ཨ་མ་ཚོར་ཡོད་པ་དང་། ཨ་མའི་ལས་འགན་དེ་ཧ་ཅང་གལ་ཆེ་ཡིན་པ་གསུངས་འདུག
གསར་འགོད་པ་ཨྱོན་བསྟན་འཛིན་དང་། འཆི་མེད།