བོད་ཀྱི་བུད་མེད་ལྷན་ཚོཊ་ཀྱི་ཚོཊ་ཆེན་དང་རྒྱུན་ལས་གསར་འདེམས།


2015.05.15
བོད་ཀྱི་བུད་མེད་ལྷན་ཚོཊ་ཀྱི་ཚོཊ་ཆེན་མཇུག་སྒྲིལ་དང་རྒྱུན་ལས་གསར་འདེམས་སྐབས། ༢༠༡༥།༥།༣ བོད་ཀྱི་བུད་མེད་ལྷན་ཚོཊ་ཀྱི་ཚོཊ་ཆེན་མཇུག་སྒྲིལ་དང་རྒྱུན་ལས་གསར་འདེམས་སྐབས། ༢༠༡༥།༥།༣
བསྟན་འཛིན་དོན་ཡོད། RFA

བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༡་མཇུག་སྒྲིལ་བ་དང་རྒྱུན་ལས་མང་མོས་གསར་འདེམས་བྱུང་ཡོད་པ།
དེ་ཡང་ད་རེས་སྤྱི་ཟླ་༥་ཚེས་༡༣་ཉིན་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༡་དེ་རྒྱལ་ཁའི་ངང་ནས་གྲོལ་གནང་ཡོད་པ་དང་། ཐེངས་དེའི་ལྷན་ཚོགས་ཀྱི་སར་དབུས་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་འཐུས་མི་གསར་བསྐོ་གནང་ཕྱོགས་དང་། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་སོགས་བོད་དོན་ཐད་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ངོས་ནས་ལས་དོན་འཐུས་སྒོ་ཚང་དུ་གཏོང་ཕྱོགས། དེ་བཞིན་ད་ལོ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་གྱ་སྟོན་སྲུང་བརྩི་ཞུ་ཕྱོགས་སོགས་ཀྱི་ལས་དོན་ཐད་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད།
ཐེངས་དེའི་ཚོགས་ཆེན་གྱི་སར་ས་གནས་ཁག་ནས་ཕེབས་པའི་བེུད་འཐུས་མི་༡༥༠་ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་རེད། རིང་མིན་སྤྱི་ཟླ་༦པའི་ནང་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ནས་དངོས་སུ་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་བཀའ་བསྡུར་བྱུང་ཡོད་པ་རེད།
དེང་གི་ཆར་ཨེ་ཤ་ཡ་གཙོས་རྒྱལ་སྤྱིའི་གླིང་ཕྲན་བཞི་ཡི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ལ་ས་གནས་ཡན་ལག་༥༦དང་ཚོགས་མི་གྲངས་འབོར་༡༧༠༠༠ཙམ་ཡོད་པའི་སྒྲིག་འཛུགས་སྲ་བརྟན་ཞིག་ཡོད་པའི་ཐོག་གཞུང་གིས་ངོས་ལེན་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྙིང་ཤོས་ཀྱི་གྲས་ཤིག་ཀྱང་ཡིན་པ་རེད།  

གསར་འགོད་པ་ཕྲེང་རིང་བསྟན་ནོར།
གཞན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༡པ་མཇུག་སྒྲིལ་པ་དང་འབྲེལ་རྒྱུན་ལས་གསར་འདེམས་དང་ཚོགས་གཙོ་དང་ཚོགས་གཞོན་གསར་བསྐོ་གནང་ཡོད་པའི་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎