བོད་མི་སྐྱབས་བཅོལ་བ་སློབ་ཕྲུག་༢ལ་སྨན་སློབ་གོ་སྐབས།
2011.07.31
༄༅༎དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན་ ཧི་མ་ཅལ་མངའ་སྡེའི་གཞུང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ལེགས་ཐོན་བྱུང་བའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཉིས་ལ་སྨན་པའི་སློབ་སྦྱོང་ཆེད་ ཟུར་བཅད་རྐུབ་བསྟེགས་གཉིས་གནང་མུས་ཡིན་པ་བཞིན་ ཕྱི་ལོ་ ༢༠༡༡ ལོར་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ས་ལྡི་ལི་དང་ སྦེང་ལོར་ས་གནས་གཉིས་སུ་སྨན་པ་དང་ བཟོ་སྐྲུན་རིག་གནས་གཉིས་ཀྱི་ཚུད་རྒྱུགས་ནང་ ཚུད་རྒྱུགས་ཀྱི་གྲུབ་འབྲས་ ཨང་རིམ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་གྲངས་ ༢༠ ལ་དམིགས་བསལ་གྱི་སྦྱོང་བརྡར་ཞིག་སིམ་ལར་གོ་སྒྲིག་ཞུས་ཡོད་པ་རེད་ འདི་ལོ་ནས་བཟུང་ ཧི་མ་ཅལ་མངའ་སྡེའི་གཞུང་གི་སྨན་པའི་ཚུད་རྒྱུགས་ནང་ གཞི་རྩའི་ཆ་རྐྱེན་ཚང་བ་གང་ཞིག་ལ་ རང་ལོ་ ༡༧ ནས་ ༢༥ བར་ ཡིན་པའི་སློབ་ཕྲུག་རྣམས་ཞུགས་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་ ད་ལོ་ ཕྱི་ལོ་ ༢༠༡༡ གོང་གི་སློབ་གྲ་མཐར་སོན་པའི་སློབ་ཕྲུག་ ༦ ཚུད་རྒྱུགས་ནང་ ཞུགས་ཐུབ་པ་བྱུང་ཡོད་པ་དང་ འདི་ལོའི་ཧི་མ་ཅལ་གཞུང་གི་སྨན་པའི་སློབ་སྦྱོང་གི་ཞབས་བསྟེགས་ཐོབ་པའི་གྲས་སུ་སློབ་ཕྲུག་ ༩ བྱུང་ཡོད་པ་ནས་ བརྒྱ་ཆ་མཐོ་ཤོས་རྡེ་ར་རྡུན་གྱི་སེ་ལ་ཁུའི་བོད་ཁྱིམ་སློབ་གྲའི་སློབ་མ་ཨོ་རྒྱན་རྒྱ་མཚོ་དང་ རྡ་སྟེང་བོད་ཁྱིམ་སློབ་གྲའི་
སློབ་མ་བསྟན་འཛིན་རྣམ་སྒྲོན་གཉིས་ལ་འདེམས་སྒྲུག་བྱུང་ཡོད་པ་དང་ ཁོང་གཉིས་ཀྱི་སློབ་དུས་ཕྱི་ཟླ་ ༨ པ་ནས་འགོ་འཛུགས་གནང་གཏན་འཁེལ་ཡོད་པ་རེད།