རྒྱལ་ཚོགས་ནས་ཐའེ་ལྦན་གྱི་སྙན་ཞུར་ངོས་ལེན་བྱས་མེད་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ནང་ཐའེ་ལྦན་མཉམ་ཞུགས་བྱ་རྒྱུའི་ལས་དོན་ལ་རྒྱལ་ཚོགས་ནས་སླར་ཡང་ངོས་ལེན་གནང་མི་འདུག

2008-09-18
Share

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ནང་ ཐའེ་ལྦན་མཉམ་ཞུགས་བྱ་རྒྱུའི་ལས་དོན་ལ་རྒྱལ་ཚོགས་ནས་སླར་ཡང་ངོས་ལེན་གནང་མེད་པའི་གནས་ཚུལ་ཐོན་འདུག

༡༩༧༡ལོར་ཐའེ་ལྦན་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁོངས་ནས་ཕྱིར་འབུད་བྱས་པ་དང་ ཆབས་ཅིག་རྒྱ་ནག་སྐམ་ས་ཆེན་མོ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་སུ་འཛུལ་ཞུགས་བྱས་པ་ནས་བཟུང་ ཐའེ་ལྦན་གྱིས་རྒྱལ་ཚོགས་ནང་སླར་ཡང་འཛུལ་ཞུགས་བྱ་ཕྱིར་སྙན་ཞུ་ཐེངས་༡༥ཕུལ་ཡོད་ཀྱང་དོན་འབྲས་སོན་མེད་པ་རེད་ ཐའེ་ལྦན་ཕྱི་སྲིད་ལས་ཁུངས་ཀྱིས་གསུང་ན་ ཐའེ་ལྦན་གཞུང་གིས་ད་རེས་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུ་དེ་བཞིན་ དེ་སྔོན་ཐའེ་ལྦན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁོངས་སུ་ཞུགས་ཐབས་ཀྱི་སྙན་ཞུ་ལྟར་མ་ཡིན་པར་ རྒྱལ་ཚོགས་ཀྱི་ལས་དོན་ཁག་ནང་མཉམ་ཞུགས་ཐུབ་རྒྱུའི་ཞུ་སྙན་ཡིན་པ་རེད་ ཡིན་ཡང་རེས་གཟའ་ལྷག་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ཞིག་ནས་ ཐའེ་ལྦན་གྱིས་རྒྱལ་ཚོགས་ཀྱི་ལས་དོན་ནང་མཉམ་ཞུགས་བྱ་རྒྱུའི་ཞུ་སྙན་དེ་བཞིན་རྒྱལ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་གྱི་ལྷན་ཚོགས་ནང་གླེང་སློང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་སྟེ་ ཐའེ་ལྦན་གྱི་རེ་འདུན་དེར་རྒྱལ་ཚོགས་ངོས་ནས་དགོངས་བཞེས་གནང་རྒྱུ་མིན་པའི་བཀའ་ལན་བྱུང་ཡོད་སྐོར་གསལ་འདོན་བྱས་འདུག གནས་ཚུལ་དེའི་ཐོག་རྒྱ་ནག་སྐམ་ས་ཆེན་མོའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ ཅང་ཡུའུ་ ཡིས་ ད་རེས་ཀྱི་ཐག་གཅོད་དེའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་ རྒྱ་ནག་གཅིག་ཅེས་པའི་རྩ་དོན་ལ་གདེངས་འཇོག་དང་རྩ་འཛིན་ནན་བརྗོད་བྱས་པ་ཡིན་པར་མཚོན་གྱི་ཡོད་སྐོར་བསྔགས་བརྗོད་བྱས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།