ཨ་རིའི་གྲོས་ཚོཌ་ཀྱི་འཐུས་མི་འབར་མར་རྟོགས་ཞིབ།

སྐུ་ཞབས་ཇོན་མེ་ཀེན་མཆོག་འབར་མའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་འཁྲིད་ལྩམ་ཨོང་སན་སུའུ་ཅི་ལྷན་དང་མཇལ་འཕྲད་གནང་འཆར།

2011.06.02

༄༅༎ཨ་རིའི་གྲོས་ཚོགས་གོང་མའི་གནས་ཡོད་འཐུས་མི་སྐུ་ཞབས་ཇོན་མེ་ཀེན་མཆོག་འབར་མའི་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་གནས་སྟངས་རྟོགས་ཞིབ་ཀྱི་གཟིགས་སྐོར་གྱི་མཛད་འཆར་ནང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་འཁྲིད་ལྩམ་ཨོང་སན་སུའུ་ཅི་ལྷན་དང་མཇལ་འཕྲད་གནང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཨ་རིའི་སྲིད་འཛིན་ཨོ་སྦ་མའི་སྲིད་གཞུང་གིས་འབར་མ་རྒྱལ་ཁབ་དང་མཐུན་འབྲེལ་ཆེ་རུ་གཏོང་བའི་སྲིད་ཇུས་དང་སྟབས་བསྟུན་སྟེ་ ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་གནད་ཡོད་འཐུས་མི་སྐུ་ཞབས་ཇོན་མེ་ཀེན་ཁུལ་དེའི་ནང་གཟིགས་སྐོར་རུ་ཕེབས་ཡོད་པ་རེད་ འབར་མའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱི་གནས་ཚུལ་ནང་གསལ་ལྟར་ན་ རེས་གཟའ་ལྷག་པའི་ཉིན་སྐུ་ཞབས་མེ་ཀེན་གྱིས་འབར་མའི་སྲིད་འཛིན་སྐུ་གཞོན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལྷན་དང་མཇལ་འཕྲད་གནང་སྟེ་རྒྱལ་ཁབ་གཉིས་དབར་མཉམ་ལས་དང་མཐུན་འབྲེལ་ཡར་རྒྱས་གཏོང་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་སྐུ་ཞབས་མེ་ཀེན་མཆོག་ནས་རྒྱལ་ས་ཡན་གོན་དུ་འབར་མ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ཨོང་སན་སུའུ་ཅི་ལྷན་དང་མཇལ་འཕྲད་གནང་འཆར་འདུག་ལ་ སྐུ་ཞབས་མེ་ཀེན་གྱིས་ཀྲུ་ལྦི་ཀྲར་དྲ་རྒྱའི་ཐོག་ལྕམ་སུའུ་ཅི་མཆོག་ནི་ ཁོང་གི་མེ་ཚེའི་ནང་སེམས་ཤུགས་ཀྱི་ཀུན་་སློང་གནང་མཁན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་དང་ རྒྱུན་རིང་རྗེས་ད་རེས་ཁོང་གི་ལྷན་དང་མཇལ་འཕྲད་གནང་རྒྱུར་ངང་སྒུགཤིན་ཏུ་ཆེན་པོ་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
མེ་ཊ་ཡིས་ངོ་དེབ་ཀྱི་ནང་དོན་ལ་ཚོད་འཛིན་གྱིས་རྒྱ་ནག་གི་མངོན་འདོད་གྲུབ་བཞིན་ཡོད་པ། མེ་ཊའི་ལས་ཟུར་ཞིག་གིས་ཨ་རིའི་གྲོས་ཚོགས་སུ་རྭ་སྤྲོད་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བ་དང་འབྲེལ་ཁོང་གི་པར་རིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་སྐོར་ཡུལ་མི་མང་པོར་འདྲི་རྩད་འབོད་འགུག་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎