རྒྱལ་ཚོགས་ཀྱི་དྲུང་ཆེ་ཡིས་རྒྱ་ནག་གིས་མི་ཆོས་དང་འགལ་བའི་ནག་ཉེས་བསག་བཞིན་པ་ཐེར་འདོན་བྱེད་དགོས་བ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབོད་སྐུལ་བྱས་འདུག

2023.10.16
རྒྱལ་ཚོགས་ཀྱི་དྲུང་ཆེ་ཡིས་རྒྱ་ནག་གིས་མི་ཆོས་དང་འགལ་བའི་ནག་ཉེས་བསག་བཞིན་པ་ཐེར་འདོན་བྱེད་དགོས་བ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབོད་སྐུལ་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(António Guterres)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས། ༢༠༡༩ལོར།
AP

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་འདི་ཟླའི་ཚེས་༡༧ཉིན་པེ་ཅིན་དུ་འཚོགས་རྒྱུའི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུའི་སྟེང་ཕེབས་འཆར་ཡོད་འདུག་ལ། གཟའ་ཟླ་བའི་ཉིན་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་(Human Rights Watch)་ཚོགས་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(António Guterres)་ཡིས་རྒྱ་ནག་ནང་གཟིགས་སྐོར་གནང་སྐབས། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་མི་ཆོས་དང་རྒྱབ་འགལ་གྱི་ནག་ཉེས་བསགས་པ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་དེ་རིགས་མཚམས་འཇོག་རྒྱུར་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་ལ་བཤད་ནས་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་ཡོད་པ་རེད།
རྒྱལ་ཚོགས་ཀྱི་དྲུང་ཆེ་(António Guterres)་ཡིས་༢༠༡༧ལོར་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འགན་ཁུར་བ་ནས་བཟུང་། ད་བར་རྒྱ་ནག་གཞུང་གིས་ཆེས་སྡུག་རྩུབ་ཅན་དང་དྲག་གནོན་བྱེད་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་ཡོངས་གྲགས་ཐོག་སྐྱོན་བརྗོད་དྲག་པོ་བྱེད་འདོད་བྱས་མེད་པར་ངོས་འཛིན་བྱེད་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ལྕམ་(Tirana Hassan)་ལགས་ཀྱིས། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Guterres)་ཡིས། རྒྱ་ནག་གཞུང་གིས་ཤིན་ཅང་དུ་མི་ཆོས་དང་འགལ་བའི་བྱ་སྤྱོད་སྤེལ་བའི་ཐོག་དོན་འབྲས་ལྡན་པའི་བྱེད་ཐབས་ལག་བསྟར་བྱེད་ཐུབ་མེད་པས། ད་རེས་ཁོང་ལ་རྒྱ་ནག་ནང་རྒྱུད་གཅིག་ལམ་གཅིག་གི་གླེང་སྟེགས་སྟེང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་རྩ་དོན་ཁས་ལེན་པའི་གོ་སྐབས་གལ་ཆེན་ཞིག་མཁོ་སྤྲོད་བྱས་ཡོད་ཅེས་གསུང་འདུག
ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་བརྒྱད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒོལ་གཏམ་རང་བཞིན་གྱི་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་པའི་ནང་། ཤིན་ཅང་ཡུ་གུར་མི་རིགས་དང་ཏུར་ཁེ་ཤེ་ཁ་ཆེ་བ་རྣམས་གང་བྱུང་འཛིན་བཟུང་བཀག་སྐྱིལ་བྱས་པའི་གནས་ཚུལ་ཐེར་འདོན་བྱས་ཡོད་པ་རེད།


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎