BBC གསར་འགྱུར་རྒྱུད་ལམ་གྱི་འཛམ་གླིང་གསར་འགྱུར་རྒྱུད་སྤེལ་བྱ་རྒྱུ་རྒྱ་ནག་གིས་བཀག་སྡོམ་ལ་ཨ་མི་རི་ཀས་སྐྱོན་བརྗོད།

2021-02-13
Share
BBC གསར་འགྱུར་རྒྱུད་ལམ་གྱི་འཛམ་གླིང་གསར་འགྱུར་རྒྱུད་སྤེལ་བྱ་རྒྱུ་རྒྱ་ནག་གིས་བཀག་སྡོམ་ལ་ཨ་མི་རི་ཀས་སྐྱོན་བརྗོད། BBC གསར་འགྱུར་རྒྱུད་ལམ་གྱི་འཛམ་གླིང་གསར་འགྱུར་རྒྱུད་སྤེལ་བྱ་རྒྱུ་རྒྱ་ནག་གིས་བཀག་སྡོམ་ལ་ཨ་མི་རི་ཀས་སྐྱོན་བརྗོད།
ཨེ་པི།

ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ Ned Price ཡིས་རྒྱ་ནག་གཞུང་གིས་BBC འཛམ་གླིང་གསར་འགྱུར་ཧོང་ཀོང་ནང་རྒྱུད་བསྒྲགས་བྱ་རྒྱུ་བཀག་སྡོམ་བྱས་པའི་བྱ་སྤྱོད་ལ་ཁ་རྡུང་གཏོང་རྒྱུ་དང་། རྒྱ་ནག་གིས་མུ་མཐུད་ནས་གསར་འགྱུར་རྒྱུད་ལམ་ཐོག་དམ་དྲག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དེ་ནི་འཛམ་གླིང་ཡུལ་གྲུ་ཁག་ནང་གནས་སྟངས་སྡུག་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ཡིན་ན་ཡང་རྒྱ་ནག་གི་དཔོན་རིགས་ཚོས་ཕྱི་རྒྱལ་གྱི་རང་དབང་ལྡན་པའི་ཁོར་ཡུག་དེ་བེད་སྤྱད་ནས་རང་ཉིད་ཀྱི་དྲིལ་བསྒྲགས་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག གཟའ་པ་སངས་ཉིན་ནས་བཟུང་ཧོང་ཀོང་ནང་ཉིན་ལྟར་དགོངས་དྲོ་ཚོུད་༡༡དང་སྔ་དྲོ་ཚོུད་༧པའི་སྐབས་གཏོང་བཞིན་པའི་BBCརླུང་འཕྲིན་གྱི་འཛམ་གླིང་གསར་འགྱུར་གནས་སྐབས་བཀག་སྡོམ་བྱ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་དབྱིན་ཇིའི་BBC གསར་འགྱུར་རྒྱུད་སྤེལ་བྱ་རྒྱུ་བཀག་སྡོམ་བྱ་དགོས་དོན་ནི་གསར་འགྱུར་ལས་ཁང་དེས་རྒྱ་ནག་གི་མཁེ་ཕན་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་གནས་ཚུལ་སྤེལ་གྱི་ཡོད་པར་བརྟེན་ནས་བཀག་སྡོམ་བྱས་པ་ཞིག་ཡིན་ལུགས་འགྲེལ་བཤད་རྒྱབ་ཡོད་ཀྱང་། མི་མང་པོས་དེ་ནི་ཉེ་སྔོན་དབྱིན་ཇི་གཞུང་གིས་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་རྒྱུད་ལམ་གྱི་དབྱིན་ཡིག་བརྙན་འཕྲིན་དབྱིན་ཇིའི་ནང་སྤེལ་རྒྱུར་དབྱིན་ཇི་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་བརྙན་འཕྲིན་ལས་ཁང་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་བཞིན་པའི་བརྙན་འཕྲིན་ལས་ཁང་ཞིག་ཡིན་པར་བརྟེན་དབྱིན་ཇིའི་ཁྲིམས་ལུགས་ནང་དོན་དང་རྒྱབ་གལ་ཡིན་སྟབས་བརྙན་འཕྲིན་རྒྱུད་ལམ་དེ་དབྱིན་ཇིའི་ནང་སྤེལ་རྒྱུ་བཀག་སྡོམ་བྱས་པའི་རྐྱེན་གྱིས་རྒྱ་ནག་གིས་ཡ་ལན་སློག་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཧོང་ཀོང་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་བིའི་བིའི་སེའི་གསར་ལས་ཁང་གི་རླུང་འཕྲིན་ཧོང་ཀོང་ནང་རྒྱུད་བསྒྲགས་བྱ་རྒྱུ་བཀག་སྡོམ་བྱས་པའི་རྒྱུ་མཚན་ཐོག་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཉེན་བརྡ་བཏང་བ་ཞིག་ཡིན་པ་གསུངས་ཡོད་འདུག རྒྱ་ནག་གཞུང་གིས་ཧོང་ཀོང་ནང་བིའི་བིའི་སེའི་རླུང་འཕྲིན་རྒྱུད་བསྒྲགས་བྱ་རྒྱུ་བཀག་སྡོམ་བྱས་པ་དེར་དྲ་རྒྱའི་ཐོག་ནས་མི་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅིང་། དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་ཉུང་བ་ཞིག་གིས་ཧོང་ཀོང་དང་མེ་ཁོའི་རླུང་འཕྲིན་ལས་ཁང་གི་ལས་དོན་ཐད་རྒྱ་ནག་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁང་གི་ཆོག་མཆན་དགོས་ཀྱི་ཡོད་དམ་ཟེར་བའི་དྲི་བ་བཏོན་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ད་ཆ་ཧོང་ཀོང་དང་མེ་ཁོའི་ནང་གནས་མེད་པའི་བསམ་ཚུལ་འདོན་གྱི་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།