ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་རྒྱ་ནག་དང་འབྲེལ་བའི་ཁེ་ལས་ཚན་པ་ཁག་ཅིག་མིང་ཐོ་ནག་པོའི་ནང་འཇུག་དགོས་བའི་འབོད་སྐུལ་གནང་འདུག

2024.04.02
ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་རྒྱ་ནག་དང་འབྲེལ་བའི་ཁེ་ལས་ཚན་པ་ཁག་ཅིག་མིང་ཐོ་ནག་པོའི་ནང་འཇུག་དགོས་བའི་འབོད་སྐུལ་གནང་འདུག ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་རྒྱ་ནག་དང་འབྲེལ་བའི་ཁེ་ལས་ཚན་པ་ཁག་ཅིག་མིང་ཐོ་ནག་པོའི་ནང་འཇུག་དགོས་བའི་འབོད་སྐུལ་ཡིག་གེ ༠༣།༢༨།༢༠༢༤
House Select Committee on China

དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོ་(Mike Gallagher)་ལགས་གཙོས་ཚོགས་ཆུང་དེའི་ཚོགས་མི་ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་དང་། ཡང་ཚོགས་ཆུང་དེའི་མཐོ་རིམ་ཚོགས་མི་(Raja Krishnamurti)་ལགས་གཙོས་ཚོགས་ཆུང་དེའི་ཚོགས་མི་ཡིན་པ་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་རྣམས་ཀྱིས་ཕྱི་ཟླ་༣་ཚེས་༢༨་ཉིན་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་དྲུང་ཆེ་(Lloud Austin)་ལགས་སུ་ཕྱག་བྲིས་ཕུལ་བའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་རྒྱ་ནག་གི་དམག་མིའི་ཁེ་གཉེར་ལས་ཁང་ཞིག་གིས་(BGI-Genomics)་ཞེས་པའི་མིའི་ཁྲག་རིགས་རྒྱུད་རྫས་ཐོག་དཔྱད་ཞིབ་བྱེད་མཁན་ཏུ་རྫུས་ནས་ཁེ་གཉེར་ཚོང་ལས་ཁང་དེ་ཨ་རིའི་ནང་དེབ་སྐྱེལ་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དང་། རྒྱ་ནག་གི་དམག་མིས་ཨ་རིའི་ནང་དེབ་སྐྱེལ་བྱེད་ཐབས་བྱེད་བཞིན་པའི་སྐྱེ་དངོས་བཟོ་རྩལ་རིག་གནས་དེ་དག་མཁྱེན་རྟོགས་དང་ངོས་འཛིན་གྱིས་ཉིན་གྲངས་༡༨༠འི་ནང་ཚུད་ལ་རྒྱ་ནག་གི་དམག་མིའི་སྐྱེས་དངོས་བཟོ་རྩལ་རིག་གནས་དེ་དག་ཐོ་གཞུང་ནག་པོའི་ནང་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། (MGI Group)་ཞེས་པས་མིའི་ཁྲག་རིག་རྒྱུད་རྫས་(DNA)་བསྡུ་རུབ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་གཏོང་མཁན་གྱི་རྒྱ་མིའི་དམག་དོན་ཁེ་གཉེར་ལས་ཁང་དེ་དང་། ཡང་(Innomics and Stomics)་ཞེས་པའི་རྒྱ་མིའི་དམག་མིའི་ཁེ་གཉེར་ལས་ཁང་་དེས་ཨ་རིའི་(Kentucky)་མངའ་སྡེའི་ནང་(RGI American Corporation)་ཞེས་པའི་མིང་ཐོག་ནས་དེབ་སྐྱེལ་བྱས་ཏེ་ཚོང་ལས་གཉེར་བཞིན་པ། ཡང་(Origincell)་ཞེས་པའི་སྐྱེས་ལྡན་གཟུགས་ཀྱི་རྩོམ་གཞི་རྩ་སྦུབས་ཀྱི་ཆ་ཤས་ཤིན་ཏུ་ཕྲ་བ་ཁག་གསར་འཇོག་བྱེད་ས་དང་། ཁེ་གཉེར་ལས་ཁང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མི་དང་འབྲེལ་བ་ཆེན་པོ་ཡོད་པ། ཡང་(Vazyme Biotech)་ཞེས་པ་དང་། དེ་བཞིན་(Axbio)་ཞེས་པའི་ཁེ་གཉེར་ལས་ཁང་དེ་ནི་ཨུ་རུ་སུའི་སྐྱེ་དངོས་རིག་གནས་དང་སྨན་སྦྱོར་དང་། རྒྱ་ནག་གི་ཚན་རིག་སྡེ་ཚན་ཞིག་དང་མཉམ་འབྲེལ་སྒོ་ནས་ས་རྟགས་བཀོད་པའི་ཁེ་གཉེར་ལས་ཁང་དེ་དག་འདི་ལོའི་ཕྱི་ཟླ་༥ཚེས་༡འགྱངས་མེད་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་རྩ་ཁྲིམས་དོན་ཚན་༡༣༡༢འབྲུ་དོན་ལག་ལེན་བསྟར་གནང་རྒྱུའི་འཆར་གཞི་ཁག་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ལ་སྙན་སེང་ཞུ་དགོས་པའི་འབོད་སྐུལ་ཞུ་བཞིན་པ་གསལ་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་སོག་གཉིས་ཀྱི་འབྲེལ་བ་རྒྱང་ཐག་ཇེ་རིང་དུ་མི་འགྲོ་བའི་ཆེད། བོད་སོག་འབྲེལ་ལམ་ཚོགས་འདུ་འཚོགས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎