ཡོ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས།


2017.03.26
ཡོ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས། བོད་ནས་ཕེབས་མཁན་རྣམས་ཀྱི་སྡོད་ཁང་གསར་རྒྱག་ཆེད་རྒྱ་གར་གྱི་སྒོར་མོ་འབུམ་ཉི་བརྒྱ་ལྷག་བསྡུ་རུབ་ཐུབ་པ།
བོད་མིའི་སྒྲིག་འཛུགས།

༄༅༎ཡོ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བོད་ནས་གསར་དུ་ཕེབས་མཁན་རྣམས་ཀྱི་སྡོད་ཁང་གསར་རྒྱག་ཆེད་རྒྱ་གར་གྱི་སྒོར་མོ་འབུམ་ཉི་བརྒྱ་ལྷག་བསྡུ་རུབ་ཐུབ་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལེགས་གསོལ་བསྔགས་བརྗོད་ཀྱི་གཟེངས་རྟགས་གནང་བའི་གནས་ཚུལ་འདུག དེ་ཡང་བཀའ་ཤག་ནང་ལེགས་གསོལ་བསྔགས་བརྗོད་ཀྱི་མཛད་སྒོ་མདོར་བསྡུས་ཤིག་ཚོགས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་དང་། ནང་སྲིད་བཀའ་བློན་བསོད་ནམ་སྟོབས་རྒྱལ་མཆོག་དང་། དྲུང་ཆེ་འཆི་མེད་རིག་འཛིན་རྣམ་གཉིས་ཀྱང་ཕེབས་ཡོད་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ནི་ ཡོ་རོབ་ནང་བོད་ཀྱི་རྩ་དོན་ཆེད་སྐུ་ལས་དུ་མ་སྐྱོན་མཁན་ཞིག་ཡིན་པ་མ་ཟད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་སུ་དཔལ་འབྱོར་བསྡུ་རུབ་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན་པའི་བསྔགས་བརྗོད་གནང་བཞག
དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སི་པན་དང་དམིགས་བསལ་འབར་སི་ལོ་ཎ་གྲོང་ཁྱེར་ནས་བོད་ནས་གསར་དུ་ཕེབས་མཁན་ཚོའི་བཞུགས་གནས་གསར་རྒྱག་ཆེད་ཡོ་རོ་འབུམ་གསུམ་གྱི་རོགས་དངུལ་ཐབས་འཚོལ་གནང་གནང་ཐུབ་པ་བྱུང་ཡོད་པ་རེད།  བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་འབེ་ལ་ཀོ་ཕི་བོད་མིའི་གཞིས་ཆགས་ནང་བོད་ནས་ཕེབས་མཁན་ཁག་ཅིག་གི་ཆེད་ཁྱིམ་ཚང་བརྒྱད་བཅུ་ཙམ་ཡོད་པའི་སྡོད་ཁང་གསར་རྒྱག་བྱེད་བཞིན་པ་དེ་འདི་ལོ་ཕྱི་ལོ་༢༠༡༧ནང་འཚུད་ཆ་ཚང་མཇུག་བསྒྲིལ་གནང་ཐུབ་པའི་རེ་བ་ཡོད་པ་དང་། ཡང་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་སྡོད་ཁང་མེད་པའི་ཁྱིམ་ཚང་༦༠ཙམ་ཡོད་པ་ཁོང་ཚོའི་ཆེད་སྡོད་ཁང་གསར་རྒྱག་གནང་རྒྱུའི་འཆར་གཞི་ཡོད་ཀྱང་ད་ལྟ་ལས་གཞི་འགོ་འཛུགས་གནང་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎