རྒྱ་ནག་གཞུང་གིས་བོད་ནང་སྐད་འཕྲིན་དྲ་ལམ་ལ་དམ་དྲག་དང་འཛིན་བཟུང་།


2019.08.22
བོད་ནང་ཉེན་རྟོག་དམག་གིས་ཞིབ་བཤེར། ༼ཟླ་དུས་མི་གསལ། བོད་ནང་ཉེན་རྟོག་དམག་གིས་ཞིབ་བཤེར། ༼ཟླ་དུས་མི་གསལ།
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ནང་སྐད་འཕྲིན་ཚོགས་པ་ཁག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་དོན་སྐོར་སྤེལ་མཁན་ཚོར་དམ་དྲག་འཛིན་བཟུང་བྱེད་བཞིན་འདུག
དེ་ཡང་བར་ལམ་སྤྱི་ཟླ་ལྔ་པ་ནས་རྒྱ་ནག་གཞུང་གིས་སྐད་འཕྲིན་གྱི་ཐད་སྤེལ་བའི་བརྡ་སྦྱོར་ཅིག་གི་ནང་། མི་སོ་སོས་རང་རང་གི་ཐད་ནས་སོ་སོའི་ཁ་ལ་བདག་པོ་རྒྱག་དགོས་པ་དང་། རང་རང་གི་ལག་པར་བདག་པོ་བརྒྱབས་དགོས་པ། ༧རྒྱལ་བ་རིན་པོ་ཆེ་མཆོག་དང་པཎ་ཆེན་རིན་པོ་ཆེའི་སྐོར་བཀོད་པ་དང་། སྐད་འཕྲིན་ཚོགས་པའི་ནང་འཁོན་འཛིངས་བྱེད་པ་བཅས་ལ་གཟབ་དགོས་པ་མ་གཏོགས་ཁྲིམས་འགལ་ཡིན་པ་དང་། སྐད་འཕྲིན་ལ་དུས་ཚོད་ཉི་ཤུ་རྩ་བཞིར་རྒྱ་ནག་གཞུང་གིས་སོ་ལྟ་བྱས་ཡོད་པའང་གསལ་བཤད་བྱས་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་དྲ་ལམ་དུ་འགྲེལ་བཤད་གནང་འདུག
གནས་ཚུལ་དེ་ཚོ་ཁུངས་ལྡན་ཡིན་མིན་བོད་ནང་ལ་རྒྱུས་ལོན་བྱས་པར། ཉེ་ལམ་བོད་ནང་གི་མདོ་སྨད་ཕྱོགས་སུ་ས་གནས་ཁ་ཤས་ནང་། སྐད་འཕྲིན་གྱི་ལམ་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་རེ་ཕར་བསྐུར་ཚུར་བསྐུར་བྱས་པ་ལ་བརྟེན་ནས། ས་གནས་ཉེན་རྟོག་པས་གློ་བུར་འཛིན་བཟུང་གིས་ཉི་མ་བཅུ་གྲངས་རེར་གཅར་རྡུང་བྱས་བའི་གནས་ཚུལ་ལྷག་ཡོད་པ་བོད་ནང་གི་བོད་མི་གཞན་ཞིག་གིས་ངོ་སྤྲོད་གནང་གི་འདུག
ད་དུང་རྒྱ་ནག་གཞུང་གིས་བར་ལམ་ནས་སྐད་འཕྲིན་ཚོགས་པ་ཁག་ཏུ་ཁྲིམས་སྲོལ་གསར་བཟོས་ཁྱབ་བསྒྲགས་ཀྱིས། སྐད་འཕྲིན་ནང་རྒྱལ་ཁབ་གཞན་གྱི་གསར་འགྱུར་སྤེལ་བ་དང་། མི་རིགས་གཞན་དག་གི་སྐོར་གྱི་གནས་ཚུལ་འདྲ་མིན་སྤེལ་བ་སོགས། སྐད་འཕྲིན་ནང་རྒྱ་ནག་གི་ཁྲིམས་དང་འགལ་བའི་སྐད་ཆ་བཤད་མཁན་དང་གནས་ཚུལ་སྤེལ་མཁན་ཚོར། ལོ་བདུན་ནས་བརྒྱད་བར་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་སྐོར་ཡང་དྲ་ལམ་དུ་བུད་མེད་ཅིག་གིས་ཤ་ཚ་ལྷག་བསམ་གྱི་ཐོག་ནས་བོད་མི་ཚོར་གསལ་བཤད་གནང་ཡོད་པ་རེད།
རྒྱ་ནག་གིས་བཟོས་པའི་སྐད་འཕྲིན་ནི་དེང་སང་བོད་ཕྱི་ནང་གཉིས་དང་། བོད་ནང་མི་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་ལམ་ཁྱབ་རྒྱ་ཆེ་ཤོས་དེ་ཆགས་ཡོད་ནའང་རྒྱ་ནག་གཞུང་གིས་སྐད་འཕྲིན་དྲ་ལམ་དུ་མྱུལ་ཞིབ་དང་སོ་ལྟ་བྱས་ཏེ། བོད་དོན་དང་འབྲེལ་བའི་གནས་ཚུལ་ཐོག་ནས། བོད་ནང་གི་བོད་མི་ཚོ་འཛིན་བཟུང་གི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་རེད།
ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཐད་ཞིབ་འཇུག་གནང་བའི་རྗེས། ཁོང་གིས་བོད་མི་ཚོས་སྐད་འཕྲིན་དྲ་ཚིག་གི་སྟབས་བདེ་བསྐྲུན་ཐུབ་པའི་ཁེ་ཕན་བེད་སྤྱོད་བྱེད་པ་དང་ཕྱོགས་མཚུངས་དེས་ངན་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དེར་ཡང་བོད་མི་ཚོས་ཡིད་གཟབ་གནང་དགོས་པ་གསུངས་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎