རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ར་ཤེ་ཡར་བསྐྱོད་འཆར་འདུག

2023.03.17
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ར་ཤེ་ཡར་བསྐྱོད་འཆར་འདུག ར་ཤེ་ཡའི་སྲིད་འཛིན་པུའུ་ཊེན་དང་རྒྱ་ནག་གི་སྲིད་འཛིན་ཞི་གཉིས། ༠༢།༠༤།༢༠༢༢
AFP

འདི་ཟླའི་སྤྱི་ཚེས་༡༧ཉིན་རྒྱ་ནག་གི་ཕྱི་འབྲེལ་ལས་ཁང་གི་དྲ་ངོས་སུ་གནས་ཚུལ་འཁོད་དོན། རྒྱ་ནག་གི་མགྲིན་ཚབ་པ་ཧྭ་ཁྲོན་ཡཱིན་ཟེར་བས་ར་ཤེ་ཡའི་མགྲོན་འབོད་ལྟར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཟླ་འདིའི་སྤྱི་ཚེས་༢༠ནས་༢༢བར་དུ་ར་ཤེ་ཡར་རྒྱལ་དོན་འཚམས་གཟིགས་བྱ་རྒྱུ་ཡིན་ཚུལ་བཤད་ཡོད་པ་མ་ཟད། མགྲིན་ཚབ་པ་ཝང་ཝིན་པེན་ཟེར་བས་སྤྱི་ཚེས་༡༧ཉིན་གྱི་གསར་འགོད་ལྷན་ཚོགས་སྟེང་། དེ་ནི་རྒྱ་ནག་དང་ར་ཤེ་ཡ་(Russia)་གཉིས་དུས་རབས་གསར་པའི་ནང་དུ་ཕྱོགས་ཡོངས་ནས་འབྲེལ་ལམ་ཡར་རྒྱས་སུ་གཏོང་རྒྱུ་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་རྣམ་པ་གསར་པ་ཞིག་གྲུབ་ཡོད་ལུགས་སོགས་བཤད་ཡོད་འདུག
ཡིན་ནའང་ཨ་རིའི་ཕྱོགས་ནས་རྒྱ་ནག་གཞུང་གིས་ར་ཤེ་ཡར་གོ་མཚོན་སྤྲད་པ་ཡིན་ན། མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་དཔལ་འབྱོར་གྱི་ཉེས་ཆད་ཚབས་ཆེན་གཏོང་ངེས་པའི་ཉེན་བརྡ་བཏང་ཡོད་འདུག་ལ། སྤྱི་ཚེས་༡༦ཉིན། ཨ་རིའི་ཆབ་སྲིད་གསར་འགྱུར་གྱི་དུས་དེབ་དུ་གནས་ཚུལ་འཁོད་པའི་ནང་དུ། རྒྱ་ནག་གཞུང་གིས་སྤྱི་ཟླ་༦པ་ནས་༡༢བར་ཪ་ཤེ་ཡར་མེ་མདའ་༡༠༠༠དང་དམག་གི་མཁོ་ཆས། མི་མེད་གནམ་གྲུ་སོགས་མཁོ་སྤྲོད་བྱས་ཡོད་པ་ར་སྤྲོད་བྱུང་པ་འགྲེལ་བརྗོད་བྱས་ཡོད་འདུག གནས་ཚུལ་འདི་ནི་ཡུཀ་རེན་དང་ར་ཤེ་ཡའི་དམག་འཁྲུག་བྱུང་བཞིན་པའི་སྐབས་ཀྱི་ཕྱོགས་བསྐྱོད་ཞིག་ཡིན་པ་དང་། གནས་ཚུལ་དཔྱད་བརྗོད་པས། གལ་སྲིད་ཨ་རིའི་ཕྱོགས་ནས་ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ར་ཤེ་ཡར་ཕྱོགས་སྐྱོད་ཀྱིས་ར་ཤེ་ཡར་གོ་མཚོན་སྤྲད་པའི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་བ་ཡིན་ན། མངོན་གསལ་དོད་པོའི་ངང་ནས། རྒྱ་ནག་དང་ར་ཤེ་ཡ་སོགས་མཐུན་ཕྱོགས་སྲིད་གཞུང་ཁག་མཉམ་འབྲེལ་དང་། ཨ་རི་གཙོ་བོར་གྱུར་པའི་དམངས་གཙོའི་རྒྱལ་ཁབ་དག་མཉམ་འབྲེལ་གྱིས་ཕན་ཚུན་ཁ་གཏད་དུ་ལངས་པའི་འཛམ་གླིང་གི་གནས་སྟངས་ཤིག་ཆགས་ངེས་པའི་སྐོར་འགྲེལ་བརྗོད་བྱས་འདུག


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎