ཡ་ཆེན་སྒར་ནས་སླར་ཡང་གྲྭ་བཙུན་གསུམ་སྟོང་དྲུག་བརྒྱ་ཙམ་ཕྱིར་འབུད་བྱས་འདུག


2019.07.18
ཡ་ཆེན་སྒར། ཡ་ཆེན་སྒར།
པར་ཚགས།

རྒྱ་ནག་གཞུང་གིས་སླར་ཡང་ཡ་ཆེན་སྒར་ནས་གྲྭ་བཙུན་གསུམ་སྟོང་དྲུག་བརྒྱ་ཙམ་བཙན་གྱིས་ཕྱིར་འབུད་བྱས་འདུག
ཉེ་བའི་ཟླ་ཤས་གོང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཁུལ་ནས་ཡིན་པའི་ཡ་ཆེན་སྒར་གྱི་གྲྭ་བཙུན་ཧ་ལམ་ཡོངས་རྫོགས་ཕྱིར་ཕུད་ཟིན་པ་དང་། སླར་ཡང་དཔལ་ཡུལ་རྫོང་ཁོངས་ནས་མ་ཡིན་པའི་མཚོ་སྔོན་དང་། ཟི་ཁྲོན་ཕྱོགས་ཀྱི་གྲྭ་བཙུན་གསུམ་སྟོང་དྲུག་བརྒྱ་ཙམ་ཕྱིར་འབུད་ཟིན་ཡོད་པ་སྒེར་གྱི་བདེ་འཇགས་ཆེད་མིང་འབོད་མ་གནང་པའི་བོད་མི་ཞིག་གིས་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་ཡོད།
ཁོང་གིས་གསུངས་ན། ད་ཆ་དཔལ་ཡུལ་རྫོང་ཙམ་མ་གཏོགས་དེ་མིན་ས་གནས་གཞན་ཁག་ནས་ཡིན་པའི་གྲྭ་བཙུན་ཡོངས་རྫོགས་ཀྱང་ཕྱིར་འབུད་བྱ་རྒྱུའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཡ་ཆེན་སྒར་གྱི་དགོན་པའི་ལས་སྣེ་ཚོས་གཞུང་ལ་གྲྭ་བཙུན་མུ་མཐུད་ནས་ཕྱིར་འབུད་མི་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་འདུག འོན་ཀྱང་དཔལ་ཡུལ་རྫོང་ཁོངས་ཀྱི་གྲྭ་བཙུན་ཐོག་དཀར་མཛེས་ཕྱོགས་ཀྱི་གྲྭ་བཙུན་རྣམས་མུ་མཐུད་སྡོད་ཆོག་པའི་བཀའ་ཁྲོལ་ཐོབ་རྒྱུའི་རེ་བ་ཆུང་ཆུང་ཞིག་ཡོད་པ་གནས་ཚུལ་ངོ་སྤྲོད་པས་ཚོད་དཔག་གནང་གི་འདུག
ཁོང་གིས་ད་དུང་གནས་ཚུལ་མང་པོ་ཞིག་ཡོད་ཀྱང་ཞིབ་ཕྲ་མཁོ་སྤྲོད་བྱ་རྒྱུ་ཧ་ཅང་ཉེན་ཁ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
འདིའི་གོང་བོད་རང་སྐྱོང་ལྗོངས་ཁུལ་ནས་ཡིན་པའི་ཡ་ཆེན་སྒར་གྱི་གྲྭ་བཙུན་གསུམ་སྟོང་ལྔ་བརྒྱ་ཙམ་ཕྱིར་འབུད་ཟིན་ཡོད་པ་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎