ཧྥ་རན་སིར་བོད་མིའི་ད་ལྟའི་སྐྱབས་བཅོལ་གནས་སྟངས་དང་ཡིག་ཆ་ཐད་དཀའ་ངལ་ཡོད་མེད།

0:00 / 0:00

ཧྥ་རན་སིར་བོད་མིའི་ད་ལྟའི་སྐྱབས་བཅོལ་གནས་སྟངས་དང་ཡིག་ཆ་ཐད་དཀའ་ངལ་ཡོད་མེད། ལོ་མང་རིང་རྒྱ་བལ་འབྲུག་གསུམ་ནང་གནས་པའི་བཙན་བྱོལ་བོད་མི་ཕོན་ཆེ་སྐྱབས་བཅོལ་ཐེངས་གཉིས་པ་དེ་ཡོ་རོབ་དང་ཨ་རི་སོགས་ལ་རང་འགུལ་གྱིས་འགྲོ་འགོ་བཙུགས་ཡོད་པ་དང་། མང་པོ་ཞིག་གིས་ཧིན་སྒོར་འབུམ་མང་པོ་བཏང་ནས་ཐབས་ལམ་འདྲ་མིན་གྱི་བརྒྱུད་ནས་འགྲོ་ཡི་ཡོད་སྐོར་དེ་སྔོན་བོད་པའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད། ཡང་ཁག་ཅིག་ཆང་སའི་མིང་ཐོག་དང་ནང་མི་ཟླ་སྒྲིལ་གྱི་མིང་ཐོག་ནས་ནུབ་ཕྱོགས་སུ་གཞིས་སྤོ་བྱས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ད་ལྟའི་བཙན་བྱོལ་བོད་མིའི་ལྟེ་གནས་རྒྱ་གར་དུ་བོད་ནས་ཡོང་མཁན་ཞེ་དྲག་ཉུང་དུ་འགྲོ་བཞིན་ཁར། བཙན་བྱོལ་དུ་ཕྲུ་གུ་སྐྱེས་མཁན་གྱི་གྲངས་འབོར་ཇེ་ཉུང་ཡིན་པས། སློབ་གྲྭ་དང་དགོན་སྡེ་སོགས་ལ་བོད་པ་ཉུང་དུ་འགྲོ་བཞིན་ཡོད། གཞིས་ཆགས་ཁག་ཅིག་ལ་ཡང་རྒན་རྒོན་ལས་གཞོན་པ་མང་པོ་མེད་པའི་མི་འབོར་གྱི་འཕེལ་རིམ་འདི་ནས་མི་རིང་བ་ནུབ་ཕྱོགས་དང་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་མི་འབོར་ཕྱེད་ཀ་ཕྱེད་ཀ་ཆགས་སྲིད་པའི་སྐོར་ཚོད་དཔག་བྱེད་མཁན་ཡོད། འོན་ཀྱང་ནུབ་ཕྱོགས་སུ་ཐོག་མར་སྐྱབས་བཅོལ་ཡུལ་དུ་འབྱོར་སྐབས་ངོ་ཤེས་སྤུན་མཆེད་མེད་མཁན་ཚོར་དགོས་ངེས་ཀྱི་ངོས་སྦྱོར་ལག་འཁྱེར་དང་སྐད་ཡིག་གོ་བརྡ་མ་འཕྲོད་པ་སོགས་དཀའ་ངལ་སྣ་ཚོགས་ཕྲད་སྲིད་ཀྱང་། རིམ་བཞིན་བོད་མི་དེ་དག་སོ་སོས་དཀའ་ལས་རྒྱབ་ནས་སོ་སོའི་རྐང་པ་སྒང་ལ་ཧྲག་ཐག་ཐག་ལང་ཐུབ་པ་ཆགས་ཀྱི་ཡོད་འདུག།

000_1MR1PM.jpg
Tibetan asylum seekers light-up candles as they gather in prayers by a portrait of the Dalai Lama, to pay a tribute to one of them who died of disease the day before at the hospital, at a refugees and migrants makeshift camp set up by the Saint-Germain-en-Laye forest in Acheres, a suburban city some 40 kms west of Paris on December 2, 2019. From the chains of the Himalayas mountains to the banks of the river Seine: for several years, Tibetans in exile have flocked to this area west of Paris, waiting for asylum in temporary camps which scale begins to worry the French authorities. (Photo by Christophe ARCHAMBAULT / AFP) (CHRISTOPHE ARCHAMBAULT/AFP)

དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་། ཧྥ་རན་སིར་བོད་མིའི་སྐོར་རྭ་ཚོགས་པ་ཞེས་པ་ཞིག་ལོ་ཤས་སྔོན་བཙུགས་ནས་སྤྱི་ཚོགས་ཞབས་ཞུའི་ངོ་བོ་ཐོག་ནས་བོད་པ་གསར་འབྱོར་བ་ཚོར་ཡིག་ཆ་བཟོ་རོགས་དང་སྐད་ཡིག་སློབ་ཁྲིད་གཙོས་པའི་བོད་པས་བོད་པ་རོགས་པ་བྱེད་པའི་འབྲས་བུ་དང་གནད་འགག་གི་སྐོར།

སྐོར་རྭ་ཚོགས་པའི་ཚོགས་གཙོ་བློ་བཟང་ཆོས་འབྱོར་དང་ཚོགས་གཞོན་བློ་བཟང་སྒྲོལ་དཀར་བཅས་འབྲེལ་ཡོད་ཁག་ཅིག་དང་རྩོམ་སྒྲིགས་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླིང་བྱེད་པ་གསན་རོགས་གནང་།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།