རུམ་གདན་བཟོ་ཚོང་ལས་ཁང་ལ་རོགས་དངུལ་གནང་རྒྱུ།
2019.07.02
སྤྱི་ཚོགས་དྲ་གནས།
བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་རུམ་གདན་བཟོ་ཚོང་ལས་ཁང་ཡར་རྒྱས་གཏོང་རྒྱུར་རོགས་དངུལ་གནང་རྒྱུའི་ཞལ་བཞེས་གནང་བ་དང་། བོད་མིའི་གཞིས་ཆགས་དེ་བཞིན་མངའ་སྡེ་དེའི་ནང་གི་ཕྱི་ཚོང་མཁེ་གཉེར་ལས་ཁང་ཞིག་ཆགས་ཐབས་སུ་འབད་རྩོན་གནང་མུས་སོགས་ཀྱི་ཐད་ མེའོ་གཞིས་ཆགས་ཀྱི་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རབ་སྦྱོར་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་།