ཏོག་དབྱིབས་ནད་ཡམས་འགོས་པ་ཡིན་ན་ངོ་གནོང་དགོས་པ་གང་ཡང་མ་རེད་ཅེས་བརྗོད།

2021.05.05
Share on WhatsApp
Share on WhatsApp
ཏོག་དབྱིབས་ནད་ཡམས་འགོས་པ་ཡིན་ན་ངོ་གནོང་དགོས་པ་གང་ཡང་མ་རེད་ཅེས་བརྗོད། བོད་མིའི་གནས་བསྡོད་ས་གནས་ཁག་དུ་ཡང་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཇེ་ཆར་འགྲོ་བཞིན་ཡོད་པའི་གནས་ཚུལ།
བོད་མིའི་སྒྲིག་འཛུགས།

༄༅།།བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་གཞིགས་ན་འདས་པའི་བདུན་ཕྲག་གཉིས་ཀྱི་རིང་རྒྱ་གར་ནང་ཉིན་རེ་ཏོག་དབྱིབས་ནད་ཡམས་གསར་པ་འགོས་པའི་ནད་པ་འབུམ་ཁ་ཤས་བརྒལ་གྱི་ཡོད་པ་རེད།རྒྱ་གར་གྱི་སྨན་ཁང་ཁག་ཏུ་ནད་པ་བསྙལ་ས་མེད་པ་དང་སྲོག་རླུང་འདེང་ངེས་མེད་པ།དུར་ས་ཁག་ཏུ་ཕུང་པོ་དུར་འཇུག་དང་ཞུགས་འབུལ་བྱ་ཡུལ་མེད་པ།ནད་པ་མང་དག་ཅིག་རྒྱ་ལམ་ཟུར་དུ་འཆི་བཞིན་པའི་ཡ་ང་བའི་གནས་སྟངས་ཆགས་ཡོད།དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་ཚ་རླབས་གཉིས་པའི་ཁྱབ་བརྡལ་ཇེ་ཆར་འགྲོ་བ་དང་བསྟུན་བོད་མིའི་གནས་བསྡོད་ས་གནས་ཁག་དུ་ཡང་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཇེ་ཆར་འགྲོ་མུས་ཡིན་པ་དང་།

ལྷག་པར་དུ་རྒྱ་གར་ལྡེ་ར་ལྡུན་ཁུལ་བོད་མི་གནས་བསྡོད་ཁག་དུ་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་གྱི་ད་ལྟའི་གནས་སྟངས་དང་ཏོག་དབྱིབས་ནད་ཡམས་འགོས་པའི་བོད་རིགས་འབྲེལ་ཡོད་མི་སྣ་གཉིས་ཀྱིས་སྤྱི་ཚོགས་ནང་ནད་ཡམས་དེ་འགོས་པ་ཡིན་ན་གསང་བ་དང་སྦས་ཐབས་མ་བྱེད་པ་ཕྲལ་དུ་རང་འགན་རང་འཁུར་གྱིས་གཞན་ལ་ཁྱབ་གདལ་མ་འགྲོ་བ་སྔོན་འགོག་གི་ཐོག་ལ་ཕྱི་གསལ་ནང་གསལ་བཟོས་ན་དགེ་མཚན་ཆེ་བ་ཡིན་པའི་སྐོར་གསུངས་བ་བཅས།ས་སྐྱ་ཆོས་སྒར་གྱི་འགན་འཛིན་བསོད་ནམས་ཆོས་རྒྱལ་ལགས་དང་བདེ་སྐྱིད་གླིང་སམ་བྷོ་ཏྲའི་སློབ་གཉེར་ཁང་གི་འགན་འཛིན་སྐུ་ཞབས་བཀྲ་ཤིས་དོན་འགྲུབ་ལགས་རྣམ་པ་གཉིས་དངརྩོམ་སྒྲིག་འགན་འཛིན་་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
སྤྱི་ཚོགས།
ཧྥ་རན་སིར་བོད་ཀྱི་རིག་གཞུང་གཅེས་འཛིན་སློབ་གྲྭ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།