བོད་ཀྱི་གསོ་རིག་སྨན་པ་ཐུབ་བསྟན་ཚེ་རིང་ལགས།

2023.01.21
Share on WhatsApp
Share on WhatsApp
བོད་ཀྱི་གསོ་རིག་སྨན་པ་ཐུབ་བསྟན་ཚེ་རིང་ལགས།
སྨན་པ་ཐུབ་བསྟན་ཚེ་རིང་།

ནུབ་ཕྱོགས་ཡུལ་གྲུའི་ནང་གཞན་ཕན་གྱི་གསོ་རིག་འཕྲོད་བསྟེན་ལྟ་སྐྱོང་བྱེད་ཕྱོགས། བོད་ཀྱི་གསོ་རིག་སྨན་པ་ཐུབ་བསྟན་ཚེ་རིང་ལགས་བོད་གཞུང་སྨན་རྩིས་ཁང་ནས་ ༡༩༨༧ ལོར་སློབ་མཐར་སོན་ཏེ་ ༡༩༩༡ ལོར་ཕ་རན་སི་དང་དེ་ནས་ཨ་རི་བཅས་སུ་གནས་སྤོ་བྱས་ཡོད་པ་རེད།  ཁོང་གིས་ཨ་རིའི་རྒྱལ་སའི་ཁུལ་དུ་གཞན་ཕན་གྱི་གསོ་རིག་འཕྲོད་བསྟེན་ལྟ་སྐྱོང་བྱེད་ཕྱོགས་ཀྱི་སློབ་གཉེར་བྱས་ཏེ་ལག་འཁྱེར་དང་ཁྲིམས་ཐོག་གི་ཆོག་མཆན་ཐོབ་ཡོད་ཅིང་། ཕྱི་ལུགས་འཕྲོད་བསྟེན་ལྟ་སྐྱོང་ཁང་ཁག་ཏུ་བོད་ཀྱི་གསོ་རིག་སྨན་གཞུང་གི་ཐོག་ནས་ནད་པར་ལྟ་སྐྱོང་བྱེད་བཞིན་ཡོད་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སྨན་པ་ཐུབ་བསྟན་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་ཞུ་གཏུག་ལས་འགུལ་དང་འབྲེལ་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎